འཇར་བོད་ཚིག་མཛོད།

4+

འཇར་མན་དང་བོད་ཡིག་གི་སྐད་གཉིས་ཚིག་མཛོད།
སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་། སུད་སི་རི་ཀོན་བོད་ཀྱི་ལྟེ་གནས་ཁང་།
རིགས་དབྱེ། ཚིག་མཛོད། སྣ་འཛོམས།
 4.6K ཀློག་གྲངས།
གོང་ཚད།རིན་མེད།
དྲ་ལམ་དང་ཕབ་ལེན།
དྲ་ལམ།
Win
Mac
iOS
Android
ཐོན་རིམ། 2.1  ཕྱི་ལོ།  2018
ཁྱད་ཆོས་གསར་པ།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་སུད་སི་རི་ཀོན་ཆོས་འཁོར་དགོན་(སུད་སི་རི་ཀོན་བོད་ཀྱི་ལྟེ་གནས་ཁང་)གཉིས་ཐུན་མོང་གིས་ཚིག་མཛོད་འདི་ཉིད་བོད་སྐད་ཡིག་དང་འཇར་མན་སྐད་ཡིག་ཡར་རྒྱས་གཏོང་སླད་རིན་མེད་དུ་གསར་སྤེལ་བྱས་ཡོད། 
ཚིག་མཛོད་ཀྱི་ཚིག་བརྗོད་ལེའུ་ཚན་དང་བཅས་པ་རྣམས། སྨན་སྟོད་བློ་བཟང་བསྟན་འཛིན་ལགས་ཀྱིས་རྩོམ་སྒྲིག་གནང་ཞིང་། སུད་སི་རི་ཀོན་ཆོས་འཁོར་དགོན་གྱིས་པར་དུ་བསྐྲུན་པའི་འཇར་བོད་ཚིག་མཛོད་དཔེ་དེབ་གཉིས་དང་གཞི་མཚུངས་པ་ཡིན།
ཚིག་མཛོད་འདིའི་ནང་འཇར་བོད་སྐད་གཉིས་ཐོག་མིང་ཚིག་ཆིག་ཁྲི་ལྔ་སྟོང་ལྷག་ཡོད་པ་ཕལ་ཆེར་ནི། འཇར་མན་སྐད་ཡིག་ལ་སྤྱོད་པའི་བོད་མིའི་སྤྱི་ཚོགས་ཀྱིས་རྒྱུན་སྤྱོད་དགོས་མཁོ་ཡོད་པ་རྣམས་ཡིན།
འཇར་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་མཉེན་ཆས་འདིས། འཇར་སྐད་སྨྲ་བའི་ཡུལ་དུ་གསར་སྐྱེས་དང་འཚར་ལོངས་བྱུང་བའི་བོད་ཀྱི་ན་གཞོན་ཚོར་བོད་ཀྱི་སྐད་ཡིག་སྦྱོང་བརྡར་སྐབས་ཕན་ཐོགས་དང་། དེ་བཞིན་རྗེས་འབྱོར་བོད་མི་རྣམས་ཀྱིས་འཇར་མན་སྐད་ཡིག་སློབ་སྦྱོང་ལའང་དགེ་ཕན་ཡོང་ཆེད། དེར་མ་ཟད་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་ཅན་གྱི་ནུབ་ཕྱོགས་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བཅས་ལ་སྨན་པའི་རེ་འདུན་ཆེ།

སྐར་རྟགས་རྒྱག་པ་དང་ཞིབ་བཤེར་མཆན་འགོད།
སྐར་རྟགས།ཞིབ་བཤེར་མཆན་འགོད།  
དཔྱད་བསྡུར་དང་ཞིབ་བཤེར།

དཔྱད་གཏམ་ 254 ལ་གཞིགས་ནས་ཆ་སྙོམས་བྱས་ན་4.1 ཟིན་ཡོད།


སྐར་ 5

150

སྐར་ 4

63

སྐར་ 3

15

སྐར་ 2

6

སྐར་ 1

20

མཉེན་ཆས་གཞན།
སྨོན་ལམ་བོད་ཡིག
སྨོན་ལམ་ཚིག་མཛོད་ཆེན་མོ།
འཇར་བོད་ཚིག་མཛོད།
དཔེ་མཛོད་འཛིན་སྐྱོང་མ་ལག
འབྱུང་རྩིས་ཨུཏྤལ་སྔོན་པོ།
བོད་རྒྱ་ཚིག་མཛོད།
སྨོན་ལམ་ཐུན་མོང་སྐད་གདངས།
རྒྱ་བོད་ཚིག་མཛོད།