༢༠༢༥ ལོའི་སྨོན་ལམ་མངོན་གྱུར།
སྨོན་ལམ་བརྡ་མཛོད་ཆེན་མོའི་མ་ལག་སྨོན་ལམ་མེ་ལོང་ཞེས་པ་དངོས་སུ་འགྲེམས་སྤེལ་བྱས་པ།
ལས་རིམ་ངོ་སྤྲོད།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དུས་རབས་ཀྱི་འགྲོས་དང་མཐུན་པར་བོད་ཀྱི་སྐད་ཡིག་བརྡ་འཕྲིན་ཅན་དུ་མདུན་སྐྱོད་བྱས་དང་བྱེད་མུས་ཡིན་པའི་བརྒྱུད་རིམ་ནས་ལོ་འདིའི་ནང་དུ་ང་ཚོ་ཐུན་མོང་ལ་ཐོབ་པའི་གྲུབ་འབྲས་གསར་པ་ཁག་ཅིག་སྟེ། སྨོན་ལམ་བོད་ཡིག་བཞི་པ་དང་། སྨོན་ལམ་ཚིག་མཛོད་ཆེན་མོའི་མཉེན་ཆས། སྨོན་ལམ་རིག་ནུས་ཀྱི་དྲ་ཚིགས་གསར་པ། ཁྱད་པར་དུ་ལོ་སྔོན་མར་ངོ་སྤྲོད་བྱས་པའི་སྨོན་ལམ་བརྡ་མཛོད་ཆེན་མོའི་(LLM)རྒྱུ་ཆ་གོང་སྤེལ་དང་རྩ་འཛིན་ལམ་སྟོན་ཚུལ་བཞིན་བཟོས་པའི་སྨོན་ལམ་མེ་ལོང་ཞེས་པ་བཅས་ཐེངས་འདིར་དངོས་སུ་གསལ་སྟོན་འགྲེམས་སྤེལ་བྱས་ཡོད།