ཕྱི་ལོ་ 2022 ཟླ་བ་བདུན་པ ཚེས་ 11
རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༦ པའི་སྐབས་ཀྱི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་དོན་སྙིང་བསྡུས།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༦ པའི་སྐབས་ཀྱི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་དོན་སྙིང་བསྡུས།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༦ པའི་སྐབས་ཀྱི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་འབྲེལ་བའི་ལས་དོན་སྙིང་བསྡུས།
༡ རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོས་དབུ་འབྱེད་གཏམ་བཤད་ནང་། རྒྱལ་སྤྱིའི་བོད་རིག་པ་བ་རྣམས་ཀྱི་བྱས་རྗེས་བགྲང་བའི་ཁོངས་སྨོན་ལམ་ཚིག་མཛོད་ཆེན་མོར་མཐོང་ཆེན་ཆ་འཇོག་དང་བོད་རིག་པའི་ཚོགས་མི་རྣམས་ཀྱིས་ཐུགས་སྣང་དགོས་པ་སོགས་ཀྱི་གཏམ་བཤད་གནང་།
༢ སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱལ་སྤྱིའི་ཐོག་དབུ་འབྱེད་དང་ངོ་སྤྲོད་ཀྱི་མཛད་སྒོ་བསྐྱངས།
༣ སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་གཙུག་ལག་སློབ་ཆེན་གསུམ་མཉམ་དུ་བོད་ཡིག་དང་སྐད་ཡིག་གཞན་ཡིག་སྒྱུར་མ་ལག་(MACHINE TRANSLATION)བཟོ་བར་མཉམ་ལས་བྱེད་པའི་ཚོགས་འདུ་ཟུར་ཚོགས་བྱས།
༤ BDRC ཡིག་ཚགས་ཁང་གི་འགན་འཛིན་ལས་བྱེད་རྣམས་དང་ལྷན་ཚོགས་འདུ་ཟུར་དུ་ཚོགས་ནས་དཀར་ཆག་དང་རྒྱུ་ཆ། དཔེ་མཛོད་མ་ལག་གཅིག་གྱུར་ཡོང་ཐབས། རྒྱུ་ཆ་མཁོ་སྤྲོད། ཚིག་མཛོད་བཅས་ལ་མཉམ་འབྲེལ་བྱེད་པར་གྲོས་མཐུན་བྱུང་།
༥ གློག་གི་འཕྲུལ་ཆས་ཀྱིས་བོད་སྐད་རྒྱག་པ་དང་བོད་སྐད་ཉན་ཐུབ་པའི་མ་ལག་མཉམ་འབྲེལ་ཐོག་བཟོ་བར་གྲོས་མཐུན་བྱུང་།
༦ བོད་ཡིག་ཞུ་དག་གཏོང་བྱེད་ཀྱི་མ་ལག་དང་འབྲེལ་ནས་མཉམ་འབྲེལ་ཐོག་བཟོ་བར་གྲོས་མཐུན་བྱུང་།
༧ གཙུག་ལག་སློབ་ཆེན་མཉམ་དུ་ OCR མ་ལག་བཟོ་བར་མཉམ་འབྲེལ་བྱེད་པར་གྲོས་མོལ་བྱས།
༨ སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་དང་། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་། རྩོམ་སྒྲིག་འགན་འཛིན་གཞོན་པ་ཐེ་བོ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ་ཐེ་བོ་དཀོན་མཆོག་སངས་རྒྱས་བཅས་ནས་རང་རང་གི་རྩོམ་ཤོག་སྒྲོག་སྦྱང་གནང་།
༩ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་གྱི་མགྲོན་འབོད་དང་། ཅེག་རྒྱལ་ཡོངས་དཔེ་མཛོད་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་ནས་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གཏན་འཁེལ་བཟོས་པ་བཅས་ནི་སྐབས་འདིའི་བོད་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐོག་གྲུབ་འབྲས་དང་། གཞན་ཡང་གཙུག་ལག་སློབ་ཆེན་ཁག་ ༡༧ གྱི་འབྲེལ་ཡོད་ལས་མི་དང་ལྷན་དུ་མ་འོངས་འབྲེལ་ལམ་བྱེད་སྟངས་སྐོར་ལ་གྲོས་མོལ་ལྷུག་པོར་བྱུང་།