གྲངས་འཛིན་དཔེ་མཛོད་ལས་འཆར་གྱི་སྔོན་འགྲོའི་ཚོགས་འདུ་བསྐོང་ཚོགས་གནང་བ།

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གྲངས་འཛིན་དཔེ་མཛོད་ལས་འཆར་གྱི་སྔོན་འགྲོའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།

  • ཚོགས་འདུ་དེ་བཞིན་བོད་ཀྱི་རིན་ཐང་བྲལ་བའི་གནའ་བོའི་ཡིག་ཆ་རྣམས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འཇིག་རྟེན་མ་སྟོང་བར་དུ་ཉར་ཚགས་ཐུབ་ཆེད་ཡིན།
  • སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་གྲངས་འཛིན་དཔེ་མཛོད་གལ་གནད་ཆེན་པོ་ཡིན་པ་དང་། ཡིག་ཚགས་གྲངས་མཛོད་དུ་བླུག་རྒྱུའི་ལས་འཆར་སྐོར་བཅས་གསུངས་ཤིང་། མ་འོངས་པར་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་དཔེ་མཛོད་ཆེ་ཁག་དང་ལྷན་འཛོམས་ཀྱིས་ཚོགས་འདུ་རྒྱས་པ་ཞིག་བསྐོང་ཚོགས་གནང་སྟེ་དེ་འབྲེལ་ལས་དོན་གནང་ཕྱོགས་ཇི་དགེའི་ཐད་བགྲོ་གླེང་གནང་འཆར་ཡོད་པ་འགྲེལ་བརྗོད་གནང་།

སྤྱིར་ཐེངས་འདིའི་གྲངས་འཛིན་དཔེ་མཛོད་ལས་འཆར་གྱི་ཚོགས་འདུ་དེ་བཞིན་སྔོན་འགྲོའི་རྣམ་པར་བཞུགས་སྒར་ཉེ་ཁུལ་གྱི་འབྲེལ་ཡོད་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ་ལྷན་འཛོམས་ཀྱིས་ཚོགས་ཡོད། མ་འོངས་པར་རྒྱ་བལ་འབྲུག་གསུམ་ནང་གི་དཔེ་མཛོད་ཆེ་གྲས་དང་ལྷན་དུ་ཚོགས་འདུ་རྒྱས་འཛོམས་ཤིག་བསྐོང་ཚོགས་གནང་སྟེ་གྲངས་འཛིན་དཔེ་མཛོད་ཀྱི་ལས་འཆར་སྐོར་བགྲོ་གླེང་ཞིབ་རྒྱས་གནང་རྒྱུ་རེད།