སྨོན་ལམ་ཚིག་མཛོད་ཆེན་མོ་(༢༠༢༠) iOS མ་ལག་ནང་དངོས་སུ་འགྲེམས་སྤེལ་བྱས་པ།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་ ༢་༡ ཅན་ནམ་སྨོན་ལམ་ཚིག་མཛོད་ཆེན་མོ་(༢༠༢༠) iOS མ་ལག་ནང་དངོས་སུ་འགྲེམ་སྤེལ་ཞུས་ཡོད།

iOS མ་ལག་ཏུ་མཉེན་ཆས་སྔར་ལས་ལྡབ་འགྱུར་གྱིས་ཡར་རྒྱས་བཏང་ཡོད་པར་མ་ཟད། ཚིག་མཛོད་ཆེན་མོ་ལོ་གཅིག་རིང་བསྐྱར་བཅོས་ཟིན་པ་གསར་སྤེལ་བྱས་ཡོད་པས། སྔར་ཁ་པར་ནང་བཅུག་ཟིན་པ་རྣམས་ཀྱིས་གསར་བསྒྱུར་(update)གནང་རོགས། གལ་ཏེ་ཁྱེད་ཀྱི་ཁ་པར་མ་ལག་iOS ཐོན་རིམ་13.0 མན་ཡིན་ན་གསར་བསྒྱུར་མ་བྱས་ན་ལེགས། འདི་ནི་མ་ལག་ཐོན་རིམ་13.0 དང་ཡང་ན་དེ་ལས་ཡན་ཡིན་དགོས།

འདི་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་ཞུ།