ཅེག་གཞུང་དམངས་གཉིས་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ལེགས་སྐྱེས་སུ་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་པ།
ཅེག་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ། ཅེག་གྲོས་ཚོགས་གོང་མ་དང་། རྒྱལ་ཡོངས་དཔེ་མཛོད་ཁང་། དབུས་གཞུང་རིག་གཞུང་བློན་ཆེན་ལྷན་ཁང་བཅས་ནས་གོ་སྒྲིག་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཅེག་གཞུང་དམངས་གཉིས་ལ་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་དངོས་སུ་ཚོགས།
ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༨ ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༣༠ ཐོག་ཅེག་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ། ཅེག་གྲོས་ཚོགས་གོང་མ་དང་། རྒྱལ་ཡོངས་དཔེ་མཛོད་ཁང་། དབུས་གཞུང་རིག་གཞུང་བློན་ཆེན་ལྷན་ཁང་བཅས་ཀྱིས་གོ་སྒྲིག་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཅེག་གཞུང་དམངས་གཉིས་ལ་ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་དངོས་སུ་ཚོགས།
མཛད་སྒོའི་སྐུ་མགྲོན་དུ་ཅེག་རིག་གཞུང་བློན་ཆེན་མར་ཀིན་བྷག་ས་ (Mr. Martin Baxa, Minister of Culture) མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཅེག་གྲོས་ཚོགས་འོག་མའི་འགན་འཛིན་བྷེ་ལ་བྷ་ཁོ་ལོ་ཧྦ། (Ms. Bèla Bakulová, director of the cabinet of the Ministe) མཆོག ཕྱི་སྲིད་ལས་ཁུངས་ཀྱི་འགན་འཛིན་པས་ཏུར་ནས་ཛི་རྡོ། (Mr. Petr Hnízdo, director of the Department of Foreign Affairs) མཆོག གསར་འགྱུར་ལྷན་ཁང་གི་འགན་འཛིན་འཇའ་ན་མ་ལས་ཀོ་ཧྤ། (Ms. Jana Malíková, director of Media Department) མཆོག གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ཡེ་རིས་ཨོ་བྷུར་ཧྥ་ཛིར་ (Mr. Jiri Oberfalzer, vice-president of the Senate) མཆོག གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པའི་སློབ་སྟོན་པ་པས་ཏུར་ཀོ་སུ་ཀ་ Mr. Petr Kostka, adviser to the vice-president of the Senate) མཆོག གྲོས་ཚོགས་གོང་མའི་ཚོགས་གཙོའི་ཐབས་ཇུས་བཀོད་འདོམས་པ་ཡི་རི་བྷོ་མོ་ཧྦ་(Ms. Jitka Boumová, department of protocol of the President of the Senate) མཆོག རྒྱ་གར་གྱི་ཅེག་གཞུང་ཚབ་ཆེན་མོ་ཨི་ལེས་ཤི་ཀ་ཛི་གྷོ་ཧྦ་(H.E.Eliska Zigová - Czech Ambassador to India) མཆོག རྒྱལ་ཡོངས་དཔེ་མཛོད་འགན་འཛིན་ཐོ་མ་ཤི་ཧྥོལ་ཊེན་ (Mr. Tomás Foltyn, director of the Czech National Library) མཆོག རྒྱལ་ཡོངས་དཔེ་མཛོད་ཁང་གི་ཡིག་ཆ་བསྡུ་ཉར་ཚན་པའི་འགན་འཛིན་གཞོན་པ་དང་སྤྱི་ཚོགས་ཞབས་ཕྱི་བ་ལེན་ཀ་མག་སི་ནེ་རོ་ཧྦ་ (Ms. Lenka Maixnerová, deputy director Division of the Library Collections and Services at the National Library of the Czech Republic) མཆོག རྒྱལ་ཡོངས་དཔེ་མཛོད་ཁང་གི་ལས་བྱེད་འགན་འཛིན་ཨེ་རེ་ན་ཀུ་ལའོ་སོ་ཧྦ་ (Ms. Irena Klausová, chief of staff of the office of Director of the Czech National Library) མཆོག རྒྱལ་ཡོངས་སྤྱི་ཚོགས་འབྲེལ་ལམ་ལྷན་ཁང་གི་པར་རིས་འགན་འཛིན་པ་མར་ཀྱི་ན་ཀོ་ས་ནོ་ཧྦ་(Ms. Martina Kosanová, director of the Public Relations department Photographer) བཅས་དང་།
གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཐབས་ཇུས་སློབ་སྟོན་པ་སྐུ་ངོ་སྐལ་བཟང་རྒྱལ་མཚན་མཆོག སིད་སུ་དོན་གཅོད་དང་དྲུང་ཡིག ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན། ལས་རིམ་གོ་སྒྲིག་པ་ཨན་དྷི་རིས་ཡ་བཅས་དང་། ཅེག་གཞུང་གི་ལས་བྱེད་དང་བོད་རིགས་ལས་བྱེད་པ། དགེ་བཤེས་ཆོས་འཁོར་ཚང་དང་མཁས་དབང་རྣམ་པ་བཅས་ཁྱོན་བསྡོམས་མི་སྣ་བརྒྱ་ལྷག་མཛད་སྒོར་དངོས་སུ་ཞུགས། རིག་གཞུང་བློན་ཆེན་དང་སྲིད་སྐྱོང་གཙོས་དཔོན་རིགས་རྣམས་ཀྱིས་ཚིག་མཛོད་དབུ་འབྱེད་གནང་། སྨོན་ལམ་ཚིག་མཛོད་སྐོར་ལ་རྒྱལ་ཡོངས་བརྙན་འཕྲིན་དང་། སི་ཨེན་ཨེན་བརྙན་འཕྲིན་བཅས་ནས་བཅར་འདྲི་དང་དྲིལ་བསྒྲགས་བྱས།
ཉིན་གུང་གྲོས་ཚོགས་གོང་མས་ཆེ་བསྟོད་གསོལ་སྟོན་བཤམས་པ་བཅས་ཀྱི་ལས་རིམ་འདིའི་དམིགས་ཡུལ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་བཀའ་དྲིན་འོག བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མཉམ་འབྲེལ་གྱིས་མི་ཉམས་རྒྱུན་འཛིན་གནང་བའི་གྲུབ་འབྲས་དེ་ཉིད་འཛམ་གླིང་ལ་མངོན་པར་གསལ་ཕྱིར་དང་། བོད་ཀྱི་རྒྱ་ཆེ་བའི་རིག་གཞུང་འདི་ཉིད་འཛམ་གླིང་མི་མང་ལ་ངོ་སྤྲོད་ཡོང་སླད་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རང་ནུས་གང་ཡོད་ཀྱིས་འགན་ཁུར་དང་ལེན་བྱས་པའི་ཆ་ཤས་ཤིག་ཡིན།