སྨོན་ལམ་རྩིས་ཁང་ཞེས་པ་ཚོད་ལྟ་ལེགས་འགྲུབ་བྱུང་བ།

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༠ ཉིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ད་སྔར་བོད་ཡིག་ལམ་ནས་དངུལ་རྩིས་རྒྱག་མི་ཐུབ་པའི་དཀའ་ངལ་དེ་སེལ་བའི་དགོས་མཁོར་དམིགས་ཏེ། སྨོན་ལམ་རྩིས་ཁང་ཞེས་པ་ཞིག་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད་པ་གསལ་བསྒྲགས་བྱས་ཡོད།

ཚུལ་འདི་བོད་ཀྱི་སྐད་ཡིག་ལ་དུང་ཞེན་ཡོད་མཁན་ཚོར་དགའ་ཚོར་ཆེན་པོ་འབྱུང་ངེས་ཡིན་ལ། འདིས་ད་སྔར་བོད་ཡིག་ཐོག་ནས་ཚད་ལྡན་གྱི་དངུལ་རྩིས་རྒྱག་མི་ཐུབ་པའི་དཀའ་ངལ་དེ་ཡོངས་སུ་སེལ་ཐུབ་ཅིང་། བོད་ཀྱི་སྐད་ཡིག་འདི་མ་འོངས་པར་ཁྲོམ་རའི་ནང་ཚད་ལྡན་བེད་སྤྱོད་བྱེད་ཐུབ་པའི་རེ་བ་ཆེན་པོ་ཞིག་ཀྱང་བསྐྲུན་ཐུབ་ཡོད། མི་འགྱང་བར་རང་རེའི་སྤྱི་ཚོགས་ཁྲོད་ཡོངས་ཁྱབ་ཏུ་འགྲེམས་སྤེལ་ཞུ་ངེས་ཡིན།