འབྱུང་རྩིས་ཨུཏྤལ་སྔོན་པོ།
དཔེ་མཚོན་པར་རིས།
འགྲེལ་བཤད།
མཉེན་ཆས་འདི་ནི་ཕྱི་ལོ་ ༢༠༡༦ ལོར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དང་། ཀཿཐོག་དགེ་རྩེ་སྐུ་ཕྲེང་བཞི་པ་བསྟན་པ་རྒྱལ་མཚན་རིན་པོ་ཆེ་མཉམ་འབྲེལ་གྱིས་བཟོ་སྐྲུན་བྱས་པ་ཞིག་ཡིན། དེ་ཡང་རྩིས་ཀྱི་རིག་གནས་ཡོད་པའི་ཡུལ་ལུང་མང་པོ་ཞིག་གིས་དུས་རབས་ཀྱི་འགྲོས་དང་མཐུན་པའི་མཉེན་ཆས་འདྲ་མིན་བཟོས་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་ནའང་། བོད་ལ་མཚོན་ན་བོད་ཡིག་གི་ལམ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་འབྱུང་རྩིས་ཀྱི་མཉེན་ཆས་ཤིག་མེད་པར་བརྟེན། ལོ་མང་རིང་དཀའ་བ་ཁྱད་དུ་བསད་དེ་ཞིབ་འཇུག་གསར་གཏོད་ཀྱིས་བཟོ་སྐྲུན་དང་སྤྱི་ཚོགས་ཁྲོད་རིན་མེད་འགྲེམས་སྤེལ་བྱས་པ་ཞིག་ཡིན།