དཔེ་མཚོན་པར་རིས།

Screenshot
Screenshot
Screenshot

འགྲེལ་བཤད།

མཉེན་ཆས་འདི་ནི་ཕྱི་ལོ་ ༢༠༡༨ ལོར་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་གྱིས་བསྒྲུབས་པའི་རིན་མེད་མཉེན་ཆས་ཤིག་ཡིན། འདིའི་རྒྱུ་ཆ་གཙོ་བོར་ ༡༩༩༡ ལོར་པར་སྐྲུན་བྱས་པའི་རྒྱ་བོད་ཚིག་མཛོད་གཙོར་བཟུང་ཐོག་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་གཙོ་སྒྲིག་གནང་བའི་བོད་དབྱིན་རྒྱ་གསུམ་རྒྱུན་བཀོལ་མིང་མཛོད་ཀྱི་བོད་རྒྱ་སྐད་གཉིས་དང་། སྐད་ལྔ་ཤན་སྦྱར་ཚིག་མཛོད་ཀྱི་བོད་རྒྱ་སྐད་གཉིས་ཆ་ཚང་བཅས་བསྡུས་ཡོད།
ཚིག་མཛོད་མཉེན་ཆས་འདིར་རྒྱ་ནག་སྐམ་ས་ནས་བཟོས་པའི་ཟོར་ཡང་ཡིག་གཟུགས(简体字)དང་། དབྱིན་ཇིའི་དབྱངས་གསལ་གྱི་སྒྲ་སྦྱོར་རམ་སྦྱོར་ཀློག་(英語拼音)བཀོལ་ཡོད་པར་མ་ཟད། ཐའེ་ཝན་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྒྲ་སྦྱོར་མ་ལག་(注音符號)ཀྱང་བཀོལ་སྤྱོད་ཆོག་པས་ཟོར་ལྕིའི་ཡི་གེ་ཞེས་གྲགས་པའི་རྒྱ་ཡིག་(繁體字)སྒྲ་སྦྱོར་ཡང་སྤྱད་ཡོད་འདུག
མཉེན་ཆས་ལ་ཕྱིར་ལོག