སྨོན་ལམ་མཐེབ་གཞོང་།
དཔེ་མཚོན་པར་རིས།
འགྲེལ་བཤད།
སྨོན་ལམ་མཐེབ་གཞོང་ནི་ཕྱི་ལོ་ ༢༠༢༤ ལོར་གསར་དུ་བཟོས་པའི་iOS ཁ་པར་མཐེབ་གཞོང་ཞིག་ཡིན་ལ། འདིས་ཁྱེད་ཀྱིས་སྔར་དང་མི་འདྲ་བར་ཁ་པར་མཐེབ་གཞོང་དུ་བོད་ཡིག་འབྲི་སྟངས་གསར་བ་ཞིག་མཐོང་ཐུབ་ངེས་ཡིན། འདིར་གསར་གཏོད་རང་བཞིན་ལྡན་པའི་མིང་གཞིའི་སྔོན་རྗེས་དང་ཚིག་གྲོགས་སྔོན་དཔག་གི་ཁྱད་ཆོས་ཡོད་པར་མ་ཟད། བོད་ཡིག་གི་ཐ་སྙད་སོ་སོའི་བརྩེགས་འདོགས་རེ་རེ་ནས་གཏག་འཚོལ་གྱི་ངལ་བ་བསྟེན་མི་དགོས་པས། ཁྱེད་ཀྱིས་འཕྲིན་ཐུང་བསྐུར་བ་དང་། གློག་འཕྲིན་འབྲི་བ། ཡང་ན་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རང་གི་བསམ་ཚུལ་བརྗེ་རེས་བྱེད་པ་བཅས་གང་ཡིན་རུང་། མགྱོགས་པོ་དང་། ལས་སླ་པོ། སྟབས་བདེའི་རང་བཞིན་ཅན་ཞིག་ཏུ་འགྱུར་གྱི་ཡོད།