སྨོན་ལམ་བོད་ཡིག་བཞི་བ།
དཔེ་མཚོན་པར་རིས།
འགྲེལ་བཤད།
སྨོན་ལམ་བོད་ཡིག་བཞི་པ་ནི་ལོ་ངོ་བཅུ་ལྷག་གི་རྗེས་ནས་སྔར་གྱི་སྨོན་ལམ་བོད་ཡིག་གསུམ་པར་འཕྲི་སྣོན་ལེགས་བཅོས་དང་འབྲེལ་རྣམ་པ་མི་འདྲ་བའི་ཡིག་གཟུགས་གསར་པ་ཁག་ཅིག་གསར་སྣོན་གྱིས་གྲུབ་ཅིང་། ༢༠༢༥ ལོའི་སྨོན་ལམ་མངོན་གྱུར་སྐབས་ཡོངས་ཁྱབ་འགྲེམས་སྤེལ་བྱས་པ་ཞིག་ཡིན། འདིའི་ནང་གི་སྨོན་ལམ་དཔེ་ཚུགས་(Monlam Uni PayTsik) ཞེས་པའི་ཡིག་གཟུགས་ཁྲོད་སྔར་མེད་པའི་སྔགས་ཡིག་ཡོངས་སུ་ཁ་སྣོན་བྱས་ཡོད་པ་དང་། དེ་བཞིན་སྨོན་ལམ་ལཉྫ་དང་། སྨོན་ལམ་ཚུགས་མ་འཁྱུག སྨོན་ལམ་དབུ་ཅན་ལག་བྲིས་བཅས་ཡིག་གཟུགས་གསར་པ་གསུམ་གསར་བཟོ་བྱས་ཡོད།