གནས་སྐོར་མཉེན་ཆས།
དཔེ་མཚོན་པར་རིས།
འགྲེལ་བཤད།
གནས་སྐོར་མཉེན་ཆས་ཞེས་པ་འདི་ནི་ཕྱི་ལོ་ ༢༠༢༥ ལོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཟོས་ཤིང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བདག་དབང་འོག་ཡོད་པའི་བོད་དབྱིན་གཉིས་ལྡན་གྱི་ཁ་པར་མཉེན་ཆས་ཤིག་ཡིན། འདིར་ནང་པའི་གནས་ཆེན་ཁག་དང་། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་གི་བྱུང་རིམ་དང་། དེ་དག་གི་ཆགས་ཡུལ་དང་རྟེན་གསུམ་བཅས་ཡིག་ངག་གཉིས་ཐོག་ནས་ངོ་སྤྲོད་གནང་བ་ཞིག་ཡིན། འདིས་ནང་པའི་གནས་ཆེན་སྤྱི་དང་། བྱེ་བྲག་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་ཀྱི་དགོན་སྡེ་རྣམས་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་ངེས་ཅན་ཡོང་ངེས་ཡིན།