སྨོན་ལམ་རིག་ནུས།
དཔེ་མཚོན་པར་རིས།
འགྲེལ་བཤད།
ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་རིག་ནུས་ཞེས་པའི་ལས་གཞི་ཆེན་པོ་ཞིག་དབུ་འཛུགས་ཀྱིས་ཐོག་མར་ཡིག་སྒྱུར་རིག་ནུས་དང་། ཡིག་འཛིན་རིག་ནུས། ཀློག་འདོན་རིག་ནུས། སྒྲ་འཛིན་རིག་ནུས་བཅས་རིག་ནུས་ཀྱི་དཔེ་གཞི་མི་འདྲ་བ་བཞི་བཟོས་ཏེ། ཚོད་ལྟའི་ཐོན་རིམ་དང་པོ་སྤྱི་ཚོགས་ཁྲོད་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས་ཡོད་ལ། ༢༠༢༤ ལོར་དཔེ་གཞི་དེ་དག་གཅིག་ཏུ་བསྡུས་པའི་སྟབས་བདེའི་མཉེན་ཆས་ཀྱི་རྣམ་པར་འགྲེམས་སྤེལ་དང་། ༢༠༢༥ ལོར་རྒྱུ་ཆ་དང་སྦྱོང་བརྡར་གསར་སྐྲུན་གྱི་རྣམ་པས་སྔར་གྱི་བྱེད་ནུས་གོང་སྤེལ་དང་། དྲ་ཚིགས་ཀྱི་རྣམ་པ་གསར་པའི་ལམ་ནས་འགྲེམས་སྤེལ་བྱས་ཡོད་ལ། ད་དུང་ཡང་མུ་མཐུད་དུ་ལས་གཞི་རྒྱུན་འཁྱོངས་བྱས་དང་བྱེད་མུས་ཡིན།