སྨོན་ལམ་ཚིག་མཛོད།
དཔེ་མཚོན་པར་རིས།
འགྲེལ་བཤད།
སྨོན་ལམ་ཚིག་མཛོད་ནི་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གཙོ་འགན་བཞེས་པའི་འོག་ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་གྱི་ལོ་ངོ་གཅིག་ལྷག་གི་རིང་རྩོམ་སྒྲིག་བྱས་པའི་སྟབས་བདེའི་ཚིག་མཛོད་མཉེན་ཆས་ཤིག་ཡིན་ལ། འདིའི་རྩོམ་སྒྲིག་འགན་འཁུར་བ་ནི་རྭ་རྒྱ་བློ་དབང་དང་། ཐུབ་བསྟན་ཉི་མ་གཉིས་ཡིན། ཚིག་མཛོད་འདི་བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད། གསར་བྱུང་རྒྱུན་བཀོལ་མིང་མཛོད་བཅས་སྡེ་ཚན་བཞིར་དབྱེ་ཞིང་། ཁྱོན་བསྡོམས་མ་ཚིག་འབུམ་གཉིས་ལྷག་ཡོད།