དཔེ་མཛོད་འཛིན་སྐྱོང་མ་ལག

དཔེ་མཛོད་འཛིན་སྐྱོང་མ་ལག

ཐོན་རིམ། v 1.0

དཔེ་མཚོན་པར་རིས།

Screenshot

འགྲེལ་བཤད།

མཉེན་ཆས་འདི་ནི། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དང་སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་མཉམ་འབྲེལ་གྱིས་བཟོས་ཤིང་། ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༥ བའི་ཐོག་དངོས་སུ་དབུ་འབྱེད་བྱས་པ་ཡིན། ཁྱད་ཆོས་གཙོ་བོ་ནི་དཔེ་མཛོད་རིག་པའི་འགྲོ་ལུགས་དང་མཐུན་ཞིང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རིག་ཚན་ཁག་དང་། ལྷག་པར་བོད་ཀྱི་རིག་ཚན་ཁག་གི་སྡེ་ཚན་དབྱེ་འབྱེད་སྟབས་བདེ་ལ་འཐུས་སྒོ་ཚང་བ། འཚོལ་ཞིབ་དང་ནང་དོན་མཁོ་སྤྲོད་སོགས་མགྱོགས་མྱུར་ལྡན་པ། མདོར་ན་དཔེ་མཛོད་ཀྱི་དཀར་ཆག་དང་། དཔེ་ཆ་གཡར་ལེན། དཔེ་ཆ་མཁོ་སྒྲུབ་དང་ཚོང་བསྒྱུར། ཁོངས་མི་དོ་དམ་བཅས། དཔེ་མཛོད་ཅིག་གི་འཛིན་སྐྱོང་ཆ་ཚང་བ་བྱེད་ཐུབ།
མཉེན་ཆས་ལ་ཕྱིར་ལོག