སྨོན་ལམ་བོད་ཡིག་གསུམ་པ།
དཔེ་མཚོན་པར་རིས།
འགྲེལ་བཤད།
སྨོན་ལམ་བོད་ཡིག་གསུམ་པ་ནི་ཕྱི་ལོ་ ༢༠༡༠ ལོར་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་གི་ཚད་གཞི་དང་མཐུན་པར་བཟོ་སྐྲུན་འགྲེམས་སྤེལ་བྱས་ཤིང་། དེར་དབུ་ཅན་དང་དབུ་མེད་གཉིས་ཀྱི་ཡིག་གཟུགས་མི་འདྲ་བ་བཅུ་གསུམ་ཡོད། ཁྱད་ཆོས་གཙོ་བོ་ནི་བོད་གཞིས་བྱེས་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་གྱི་གདམ་ཀ་མི་འདྲ་བ་བཞི་ཡོད་པ་དང་། རྒྱལ་སྤྱིའི་དཔེ་དེབ་སྒྲིག་སྦྱོར་གྱི་མཉེན་ཆས་Indesign སོགས་སུ་བོད་ཡིག་བཀོལ་སྤྱོད་ཐུབ་པ་ཐོག་མ་དེར་གྱུར།