སྨོན་ལམ་ཡིག་སྒྱུར་མཉེན་ཆས།
དཔེ་མཚོན་པར་རིས།
འགྲེལ་བཤད།
ཡིག་སྒྱུར་མཉེན་ཆས་འདི་ནི་ཕྱི་ལོ་ ༢༠༢༤ ལོར་གསར་བཟོ་དང་འགྲེམས་སྤེལ་བྱས་པ་ཞིག་ཡིན། འདིས་ཁྱེད་ཀྱིས་དེ་སྔར་དྲ་རྒྱའི་སྟེང་ནས་ང་ཚོའི་ཡིག་སྒྱུར་ལག་ཆ་བེད་སྤྱོད་གཏོང་སྐབས་སུ་འཕྲད་པའི་དཀའ་ངལ་ཏེ། དཔེར་ན། དྲ་རྒྱ་ ཡོད་མེད་ཀྱིས་དུས་ཚོད་འགོར་པོ་འབྱུང་བ། གློག་ཀླད་ངེས་པར་དུ་དགོས་པས་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་དེ་དག་ཡོངས་སུ་སེལ་ཐུབ་ཡོད། ད་ནས་ཁྱེད་རང་གང་དུ་བཞུགས་ཀྱང་བོད་ཀྱི་སྐད་ཡིག་དང་དབྱིན་སྐད་ཕན་ཚུན་བདེ་བླག་ངང་ཡིག་སྒྱུར་བྱེད་ཐུབ།ཡིག་སྒྱུར་མཉེན་ཆས་ འདི་བརྒྱུད་ནས་ཁྱེད་ཀྱིས་གྲོགས་པོ་ཞིག་དང་དབྱིན་སྐད་དུ་ཁ་བརྡ་བྱེད་པའི་ནང་དོན་རྣམས་ཀྱང་རང་གི་སྐད་ཡིག་ནང་ཇི་བཞིན་རྟོགས་ཐུབ་ལ། བོད་ཀྱི་ ཐུན་མོང་མིན་པའི་ཚིག་སྦྱོར་མངའ་བའི་བརྗོད་པ་ཞིག་མཛུབ་མོས་རྡེག་ཙམ་གྱིས་ཕྱི་གླིང་གི་གྲོགས་པོ་ཚོར་ཡང་བརྡ་ལན་སྤྲོད་ཐུབ།
མདོར་ན། སྨོན་ལམ་ཡིག་སྒྱུར་མཉེན་ཆས་འདིས་ཁྱེད་རང་སྔར་དང་མི་འདྲ་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་འབྲེལ་བ་གཏིང་ཟབ་ཡོང་བའི་མཐུན་རྐྱེན་ཞིག་སྤྲད་ཡོད།
མདོར་ན། སྨོན་ལམ་ཡིག་སྒྱུར་མཉེན་ཆས་འདིས་ཁྱེད་རང་སྔར་དང་མི་འདྲ་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་འབྲེལ་བ་གཏིང་ཟབ་ཡོང་བའི་མཐུན་རྐྱེན་ཞིག་སྤྲད་ཡོད།