སྨོན་ལམ་ཚིག་མཛོད་ཆེན་མོ།
དཔེ་མཚོན་པར་རིས།
འགྲེལ་བཤད།
ཚིག་མཛོད་འདི་ཉིད་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་ཇོ་ནང་དང་། གཡུང་དྲུང་བོན་བཅས་གཙོ་བོར་གྱུར་པའི་རྩོམ་སྒྲིག་སྡེ་ཚན་ ༣༧ ལྷག་མཉམ་རུབ་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཐུན་མོང་དང་ཐུན་མོང་མིན་པའི་བརྡ་ཆད་ཁག་གཙོ་བོར་བྱས་ཏེ་བསྒྲིགས་པ་ཞིག་ཡིན་ལ། ཕྱི་ལོ་ ༢༠༢༢ ལོར་ཚིག་མཛོད་ཐོན་རིམ་གསུམ་པ་དཔར་དུ་བསྐྲུན་པར་པོད་ ༢༢༣ བྱུང་ཡོད། དེ་ནི་ད་སྔར་འཛམ་གླིང་གི་ཚིག་མཛོད་ཆེས་ཆེ་ཤོས་དེ་ཆགས་ཡོད་ལ། ད་དུང་ཡང་མུ་མཐུད་དུ་ལེགས་བཅོས་གསར་སྣོན་གྱིས་རྩོམ་སྒྲིག་བྱས་དང་བྱེད་མུས་ཡིན། ༢༠༢༥ ལོར་ཚིག་མཛོད་ཐོན་རིམ་བཞི་བའི་མཉེན་ཆས་གསར་དུ་བཟོས་ཤིང་། དེར་བོད་ཡིག་རྐྱང་པའི་ཚིག་མཛོད་ལས་གཞན་དབྱིན་བོད་དང་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་དུ་མ་ཕྱོགས་བསྡུས་ཀྱིས་བོད་དབྱིན་གྱི་ཐ་སྙད་ཕན་ཚུན་གཞི་གཅིག་ཏུ་འཚོལ་བཤེར་ཐུབ་པའི་ཁྱད་ཆོས་ཀྱང་གསར་སྣོན་བྱས་ཡོད།