སྨོན་ལམ་མེ་ལོང་།
བོད་ཀྱི་སྐད་ཡིག་ལ་གོ་བ་གཏིང་ཟབ་མོར་ལེན་ཐུབ་པའི་དེང་རབས་བོད་ཀྱི་བརྡ་མཛོད་ཆེན་མོ།
ངོ་སྤྲོད་སྙིང་བསྡུས།
ཁྱད་ཆོས་གཙོ་བོ།
བོད་ཡིག་ལ་གོ་བ་རང་སྐྱ་ཕེར་བ།
འདིར་བོད་ཡིག་ཁོ་ནའི་ཚིག་གི་ཆ་ཤས་ཐེར་འབུམ་ཉི་ཤུ་ལྷག་རྒྱུ་ཆར་སྤྱད་ནས་བཟོས་པས་བོད་ཀྱི་སྐད་ཡིག་ལ་གོ་བ་གཏིང་ཟབ་མོ་ལེན་ཐུབ།
སྐད་ཡིག་སྣ་མང་ཡིག་སྒྱུར་ཐུབ་པ།
འདིས་བོད་དབྱིན་ཕན་ཚུན་གཙོ་བོར་བྱས་པའི་སྐད་ཡིག་མི་འདྲ་བ་ ༡༤༠ ལྷག་ལ་ཡིག་བསྒྱུར་བྱེད་ཐུབ།
གསར་རྩོམ་གྱི་ནུས་པ་མགྱོགས་པ།
འདིར་དྲི་བར་ལན་འདེབས་བྱེད་པ་ཙམ་མིན་པར། ཁྱོད་ཀྱི་རེ་འདུན་ལྟར་འཕྲིན་ཡིག་དང་སྙན་ཞུ་སོགས་འཕྲལ་དུ་གསར་རྩོམ་གྱི་ནུས་པ་ལྡན།
བརྡ་དག་དང་ཚིག་སྦྱོར་ལེགས་པ།
འདིར་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཁག་ལ་སྦྱོང་བརྡར་ལེགས་པར་བྱས་ཡོད་པས་ཡིག་ནོར་དག་བཅོས་དང་། བོད་སྐད་ཀྱི་ཚིག་སྦྱོར་ཡང་དག་སྤེལ་ཐུབ།
ཕྱོགས་བསྡོམས་དང་དབྱེ་ཞིབ་བྱེད་པ།
ཡིག་ཚོགས་ཆེན་པོ་དང་བརྗོད་གཞི་སྣ་ཚོགས་ལ་སྐར་མ་ཁ་ཤས་ནང་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱེད་ཐུབ།
དྲིས་ལན་གྱི་ཁུངས་གསལ་བ།
ཁྱེད་ཀྱིས་དྲིས་པའི་གནད་དོན་ཁག་ལ་ལན་འདེབས་དང་འབྲེལ་དེའི་ཁུངས་གང་ཡིན་གསལ་བར་སྟོན་ཐུབ།
སྨོན་ལམ་མེ་ལོང་དབྱེ་ཞིབ།
བེད་སྤྱོད་གོ་རིམ།
༢༽ དྲི་བ་འགོད་པ། དྲི་བ་འགོད་སའི་སྒྲོམ་ནང་རང་གིས་འདྲི་འདོད་པ་རྣམས་ཡིག་ཐོག་ཏུ་འགོད་པའམ། ཡང་ན་གཡས་ཟུར་གྱི་སྒྲ་འཇུག་མཐེབ་རྟགས་མནན་ཏེ་སྐད་ཀྱི་ལམ་ནས་དྲི་བ་གཏོང་བ།
༣༽ བྱེད་ནུས་འདེམས་པ། རང་གི་དགོས་མཁོ་ལྟར་ “མེ་ལོང་” དང་ “དབྱེ་ཞིབ་” གང་དགོས་འདེམས་པ།
༤༽ འཇུག་མཐེབ་མནན་ཏེ་ལན་ལ་སྒུག་པ། དྲི་བ་བྲིས་ཚར་བ་དང་འཇུག་མཐེབ་(Enter) མནན་ནས་ཅུང་ཙམ་བསྒུགས་ན། ཁྱེད་ཀྱི་དྲི་བར་འཕྲལ་དུ་ལན་འཐོབ་ངེས།
རིན་མེད་ཞབས་ཞུ།
ཁ་པར་འཆར་ངོས་ཀྱི་སྨོན་ལམ་མེ་ལོང་།
ཚོད་ལྟ་གནང་རོགས།
མེ་ལོང་དང་དབྱེ་ཞིབ་ཀྱི་བྱེད་ནུས་ཟུང་འབྲེལ་གྱིས་ལན་འདེབས་མགྱོགས་ཤིང་གནད་ལ་འཁེལ་བར་མ་ཟད། དཀའ་གནད་ཆེ་བའི་རིགས་ལ་དབྱེ་ཞིབ་ཞིབ་མོ་བྱེད་པའི་ཁྱད་ཆོས་ཡོད། འདི་ནི་བོད་ཀྱི་ཐུན་མིན་རིག་གནས་ཀྱི་བཞིན་རས་གསལ་བའི་དེང་རབས་འཕྲུལ་རིག་གི་མེ་ལོང་ངོ་མ་ཞིག་ཡིན།