སྨོན་ལམ་བོད་ཡིག

སྤྱོད་སྒོ་ཆེ་བའི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཅན་གྱི་སྨོན་ལམ་བོད་ཡིག་མཉེན་ཆས།

སྨོན་ལམ་བོད་ཡིག་བཞི་པ་ངོ་སྤྲོད།

སྨོན་ལམ་བོད་ཡིག་བཞི་པ་ནི་སྔར་གྱི་སྨོན་ལམ་བོད་ཡིག་གསུམ་པར་འཕྲི་སྣོན་ལེགས་བཅོས་དང་འབྲེལ་རྣམ་པ་མི་འདྲ་བའི་ཡིག་གཟུགས་གསར་པ་ཁག་ཅིག་གསར་སྣོན་གྱིས་གྲུབ་པ་ཞིག་ཡིན། དེ་ཡང་སྨོན་ལམ་དཔེ་ཚུགས་(Monlam Uni PayTsik) ཞེས་པའི་ཡིག་གཟུགས་ཁྲོད་སྔར་མེད་པའི་སྔགས་ཡིག་ཡོངས་སུ་ཁ་སྣོན་བྱས་ཡོད་པ་དང་། གཞན་སྨོན་ལམ་ལཉྫ་དང་། སྨོན་ལམ་ཚུགས་མ་འཁྱུག སྨོན་ལམ་དབུ་ཅན་ལག་བྲིས་ཞེས་པ་རྣམས་ཐེངས་འདིར་གསར་དུ་བཟོས་པ་ཡིན་ནོ།།

ཡིག་གཟུགས་གསར་སྣོན།

སྨོན་ལམ་ལཉྫ།

མཁས་དབང་ཚེ་ཏན་ཞབས་དྲུང་ལགས་ཀྱི་ཕྱག་བྲིས་ལཉྫའི་མ་ཕྱི་འཕགས་ཡུལ་གྱི་ཡི་གེའི་གཟུགས་བརྙན་མཁས་པའི་ཕྱག་རྒྱུན་ཞེས་པའི་མ་དཔེ་ཇི་བཞིན་བཟོས།

སྨོན་ལམ་ཚུགས་མ་འཁྱུག

སྐྱབས་མགོན་ཀིརྟི་རིན་པོ་ཆེའི་ཕྱག་བྲིས་བོད་ཡིག་གི་བྱུང་བ་དང་ཟློས་གར་གྱི་རིག་གནས་ཞེས་པའི་དཔེ་དེབ་ཀྱི་མ་དཔེ་ཇི་བཞིན་བཟོས།

སྨོན་ལམ་ལག་བྲིས།

སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་པ་ཐེ་བོ་སངས་རྒྱས་ལགས་ཀྱིས་སྣུམ་སྨྱུག་གིས་བྲིས་པའི་ཡིག་གཟུགས་གཞིར་བཟུང་བཟོས།