༢༠༢༣ ལོའི་སྨོན་ལམ་མངོན་གྱུར།

བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དེང་རབས་འཕྲུལ་ལས་ཀྱི་ཚད་མཐོའི་མིས་བཟོས་རིག་ནུས་གསར་གཏོད།

ལས་རིམ་ངོ་སྤྲོད།

སྐབས་དང་པོའི་སྨོན་ལམ་མངོན་གྱུར་གྱི་ལས་རིམ་དུ་ ༢༠༢༣ ལོའི་ཟླ་དང་པོའི་ཚེས་ཤར་ནས་དངོས་སུ་ལག་བསྟར་དབུ་འཛུགས་བྱས་པའི་སྨོན་ལམ་རིག་ནུས་ཀྱི་དཔེ་གཞི་ཚོད་ལྟ་རིམ་པ་དང་པོ་སྟེ། ཡིག་སྒྱུར་རིག་ནུས་དང་། ཡིག་འཛིན་རིག་ནུས། འབྲི་ཀློག་རིག་ནུས་བཅས་ལེགས་འགྲུབ་བྱུང་བ་དངོས་སུ་ཡོངས་ཁྱབ་འགྲེམས་སྤེལ་བྱས་ཤིང་། འབྲེལ་ཡོད་འགན་འཁུར་བ་སོ་སོས་དེ་འབྲེལ་གྱི་ལས་ཀའི་བརྒྱུད་རིམ་དང་བེད་སྤྱོད་ཀྱི་རིན་ཐང་། ཕན་ནུས་སོགས་ངོ་སྤྲོད་ཞིབ་རྒྱས་གནང་། ལས་རིམ་འདི་ནི་བོད་མི་གཞོན་སྐྱེས་མང་པོར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་སྔར་མེད་ཀྱི་སེམས་ཤུགས་དང་སྤོབས་པ་སྩོལ་བའི་སྡིངས་ཆ་གསར་པ་ཞིག་ཏུ་གྱུར་ཡོད།

ཚོད་ལྟའི་རིག་ནུས་དཔེ་གཞི།

ཡིག་སྒྱུར་རིག་ནུས།

ཡིག་སྒྱུར་རིག་ནུས།

དབང་རྩའི་འཕྲུལ་རིག་ལ་བརྟེན་ནས་བོད་ཡིག་དང་དབྱིན་ཡིག་གཉིས་ཕན་ཚུན་ཡིག་བསྒྱུར་བྱེད་ཐུབ།

ཡིག་འཛིན་རིག་ནུས།

ཡིག་འཛིན་རིག་ནུས།

བོད་ཡིག་རང་འགུལ་ངང་ཀློག་ཅིང་། པར་མའི་ཡི་གེ་རྣམས་གློག་ཀླད་དང་ཁ་པར་སོགས་སུ་བདེ་བླག་ངང་འཇུག་ཐུབ།

ཀློག་འདོན་རིག་ནུས།

ཀློག་འདོན་རིག་ནུས།

གློག་ཀླད་སོགས་སུ་གཏགས་ཟིན་པའི་ཡི་གེ་རྣམས་རང་འགུལ་ངང་ཀློག་ཐུབ།

སྒྲ་འཛིན་རིག་ནུས།

སྒྲ་འཛིན་རིག་ནུས།

སྐད་སྒྲ་བརྒྱུད་ནས་ཡི་གེ་རང་འགུལ་གྱིས་གཏག་ཐུབ།

ང་ཚོའི་གསར་འཕྲིན།

སྨོན་ལམ་མངོན་གྱུར་སྐབས་དང་པོའི་ལས་རིམ་གསར་འཕྲིན།