སྨོན་ལམ་ཚིག་མཛོད་ཆེན་མོ། ཐོན་རིམ་བཞི་པ།

འཛམ་གླིང་གི་སྐད་ཡིག་ཡོད་དོ་ཅོག་ལས་དེབ་ཕྲེང་ཆེས་མང་ཤོས་ཀྱི་བོད་ཡིག་ཚིག་མཛོད་ཆེན་མོ།

ཚིག་མཛོད་ངོ་སྤྲོད།

སྨོན་ལམ་ཚིག་མཛོད་ཆེན་མོ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་ཇོ་ནང་དང་། གཡུང་དྲུང་བོན་བཅས་གཙོ་བོར་གྱུར་པའི་རྩོམ་སྒྲིག་སྡེ་ཚན་ ༣༧ ལྷག་མཉམ་རུབ་ཀྱིས་ལོ་ངོ་དགུའི་རིང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཐུན་མོང་དང་ཐུན་མོང་མིན་པའི་བརྡ་ཆད་ཁག་གཙོ་བོར་བྱས་ཏེ་བསྒྲིགས་ཤིང་། ཕྱི་ལོ་ ༢༠༢༢ ལོར་ཚིག་མཛོད་ཐོན་རིམ་གསུམ་པ་དཔར་དུ་བསྐྲུན་པར་པོད་ ༢༢༣ བྱུང་ཡོད། དེ་ནི་ད་སྔར་འཛམ་གླིང་གི་དེབ་ཕྲེང་ཆེས་མང་བའི་ཚིག་མཛོད་དེ་ཆགས་ཡོད་ལ། སྐབས་དེར་ཀུན་གྱིས་ལྟ་ཀློག་ཐུབ་པའི་ཆེད་དུ་དྲ་ཚིགས་ཀྱི་ངོ་བོར་ཡོངས་ཁྱབ་འགྲེམས་སྤེལ་བྱས། ༢༠༢༥ ལོར་འདས་པའི་ལོ་ངོ་དེ་དག་ལ་བསྐྱར་དུ་ཞུ་དག་དང་ལེགས་བཅོས་གསར་སྣོན་བྱས་པ་རྣམས་མཉེན་ཆས་ཀྱི་ངོ་བོར་གསར་བསྐྲུན་བྱས་ཡོད།

ཁྱད་ཆོས་གཙོ་བོ།

གཞུང་ལུགས་ལ་མཐུན་པ།

མ་ཚིག་དང་འགྲེལ་བཤད་ཚད་གཞི་སོགས་ཚིག་མཛོད་རིག་པའི་སྤྱི་སྒྲོམ་དང་མཐུན་པར་བསྒྲིགས་པ།

བརྗོད་གཞི་སྣ་འཛོམས།

བོད་ཀྱི་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་ཁག་གཙོ་བོར་བྱས་པའི་ལོ་རྒྱུས་བཟོ་གསོ་སྙན་ངག་སོགས་བརྗོད་གཞི་སྣ་མང་བ།

བཀོལ་སྤྱོད་སྟབས་བདེ།

གློག་ཀླད་དང་ཁ་པར་གང་དུའང་བཀོལ་སྤྱོད་སྟབས་བདེ་བའི་དྲ་ཚིགས་དང་མཉེན་ཆས་གཉིས་ལྡན་ཡིན་པ།

དུས་བསྟུན་ཡར་རྒྱས།

མ་ཚིག་དང་འགྲེལ་བཤད་ཁག་ལ་ཞུ་དག་དང་བཟོ་བཅོས་ཀྱིས་དུས་ནས་དུས་སུ་ཡར་རྒྱས་གཏོང་བཞིན་པ།

དཔྱད་གཞི་ཁུངས་ལྡན།

མ་ཚིག་གི་འགྲེལ་བཤད་རྣམས་དཔྱད་གཞི་ཚད་ཐུབ་ཀྱི་ཡིག་ཆ་གང་ལ་གཞི་བཅོལ་བའི་ཁུངས་གསལ་བ།

དེང་རབས་དང་མཐུན་པ།

ཚིག་མཛོད་ཀྱི་སྤྱི་སྒྲོམ་དང་བཟོ་བཀོད་སོགས་དེང་རབས་བརྡ་འཕྲིན་ལག་རྩལ་གྱི་འགྲོས་དང་མཐུན་པ།

གཞུང་ལུགས་དང་ལག་ལེན་ཟུང་འབྲེལ།

ཚིག་མཛོད་ཀྱི་སྤྱི་སྒྲོམ་སྒྲིག་པའི་སྐབས། ཐོག་མར་མ་ཚིག་འཚོལ་སྡུད་དང་གཏན་འབེབས་བྱས་ཤིང་། དེ་ནས་འགྲེལ་བཤད་ཀྱི་ཚད་གཞི་གཏན་ལ་ཕབ་སྟེ། བརྡ་སྤྲོད་དང་བརྡ་ཆད་ཀྱི་དབྱེ་བ་ཞིབ་ཏུ་དགར། ད་དུང་། རྒྱུན་སྤྱོད་ངོས་འཛིན་གྱི་རྟགས་དང་སྤྱོད་སྒོ། ལྡོག་ཚིག་དང་འདྲ་ཚིག ཉེ་ཚིག་དང་བསྡུས་ཚིག མིང་གི་རྣམ་གྲངས་དང་འབྱུང་ཁུངས། དཔེ་རིས་དང་དཔེ་བརྗོད། ཟུར་མཆན་ཇི་ལྟར་འདེབས་ཚུལ་གྱི་རྣམ་གཞག་བཅས་ཚིག་མཛོད་ཀྱི་སྤྱི་སྒྲོམ་ཧྲིལ་པོ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སྒོ་ནས་གཏན་ལ་ཕབ་ཡོད།

ཚིག་མཛོད་རིག་པའི་སྤྱི་སྒྲོམ།

བརྡ་ཆད་ཀྱི་དབྱེ་བ།

དབྱིན་བོད་ཕྱོགས་བསྡུས།

ཚིག་མཛོད་ཆེན་མོའི་དྲ་ཚིགས་དང་མཉེན་ཆས་གཉིས་ཀར་བོད་ཡིག་རྐྱང་པའི་ཚིག་མཛོད་ལས་གཞན་དབྱིན་བོད་དང་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་དུ་མ་ཕྱོགས་བསྡུས་ཀྱིས་བོད་དབྱིན་གྱི་ཐ་སྙད་ཕན་ཚུན་གཞི་གཅིག་ཏུ་འཚོལ་བཤེར་ཐུབ་པའི་ཁྱད་ཆོས་ཀྱང་གསར་སྣོན་བྱས་ཡོད།