འཇར་བོད་ཚིག་མཛོད། ༡.༠ ཕབ་ལེན།
འཇར་བོད་ཚིག་མཛོད། ༡.༠ འདི་ཉིད་Windows 7 /win 8 /win 10 བཅས་ཀྱི་ནང་བཀོལ་སྤྱོད་ལེགས་པར་བྱ་ཐུབ། འཇུག་སྟངས་དང་བེད་སྤྱོད་གཏོང་སྟངས་མ་ཤེས་ན་རོགས་འདེགས་ནང་གཟིགས་རོགས།
- གནས་རིམ།
-
ཐོན་རིམ། ༡.༡
མིང་། འཇར་བོད་ཚིག་མཛོད། ༡.༠
འགྲེམས་སྤེལ་ཟླ་ཚེས། ༢༠༢༠
ཆེ་ཆུང་ཚད། 104 MB
- དགོས་གལ་ཆེ་བའི་མཐུན་རྐྱེན།
-
འདི་ནི་སྐུ་ཉིད་ཀྱི་གློག་ཀླད་ནང་དགོས་ངེས་ཀྱི་ཆ་རྐྱེན་མཉེན་ཆས་ Microsoft .NET Framework 4.7.2 Client Profile (x86 and x64) ཟེར་བ་དེ་ཡིན་པས་ཚིག་མཛོད་ནང་འཇུག་བྱེད་པར་ཆ་རྐྱེན་ངེས་པར་ཚང་དགོས། ཁྱེད་ཀྱི་གློག་ཀླད་ནང་མཐུན་རྐྱེན་མི་ཚང་ཚེ། འདི་ནས་ཐོག་མར་ནང་འཇུག་བྱེད་དགོས་པས་ཁྱོད་ཀྱིས་རིམ་པ་ལྟར་དང་ལེན་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་དྲ་ཐོག་ནས་ཟུར་དུ་ཕབ་ལེན་བྱས་ཀྱང་ཆོག
- ནང་འཇུག་གི་རིམ་པ་ངོ་སྤྲོད།
-
༡ དང་པོར་ཕབ་ལེན་བྱས་རྗེས་zip ཁ་འབྱེད་དགོས།
ཡང་ན་འདི་zip ཁ་འབྱེད་དགོས།
༢ ལས་རྟགས་སྔོན་པོར་མནན་ནས་ནང་འཇུག་བྱོས།
༣ ཁྱེད་ཀྱི་གློག་ཀླད་ནང་ Net Framework 4.7.2 མེད་ན་སྔོན་ལ་འདི་ནས་ནང་འཇུག་བྱོས།
༤ དེ་ནས་དམར་རྟགས་ཡོད་སར་མནན་ནས་ཚིག་མཛོད་ནང་འཇུག་བྱོས།
༥ རྗེས་མར་ནོན།
༦ མུ་མཐུད་ནས་རྗེས་མར་ནོན།
༧ Close ཞེས་པར་མནན་ནས་ནང་གྲུབ་པར་བྱོས།
༨ ཁྱེད་ཀྱི་གློག་ཀླད་བརྙན་ཡོལ་ངོས་དང་། དཀར་ཆག་ནང་གཤམ་གསལ་རྟགས་རིས་ཡོད་པར་མནན་ནས་ཚིག་མཛོད་བེད་སྤྱོད་ཐོང་།
ཚིག་མཛོད་འདིར་བོད་ཡིག་དང་འཇར་མན་གང་དགོས་བཙལ་ཆོག
འཇར་བོད་ཚིག་མཛོད། ༡.༠ འདི་ཉིད་Mac OS X ༡༠ ཡན་གྱི་ཐོན་རིམ་ནང་བཀོལ་སྤྱོད་ལེགས་པར་བྱ་ཐུབ། འཇུག་སྟངས་དང་བེད་སྤྱོད་གཏོང་སྟངས་མ་ཤེས་ན་རོགས་འདེགས་ནང་གཟིགས་རོགས།
- གནས་རིམ།
-
ཐོན་རིམ། ༡.༡
མིང་། འཇར་བོད་ཚིག་མཛོད། ༡.༠
འགྲེམས་སྤེལ་ཟླ་ཚེས། ༢༠༢༠
ཆེ་ཆུང་ཚད། 5.55 MB
- ནང་འཇུག་གི་རིམ་པ་ངོ་སྤྲོད།
-
༡ ཁྱེད་ཀྱིས་དྲ་ལམ་ནས་ཀུ་ཤུ་གློག་ཀླད་མ་ལག་ནང་བཀོལ་རྒྱུའི་ཚིག་མཛོད་ཕབ་ལེན་བྱས་རྗེས་བཙིར་གནོན་(Zip)ཁ་འབྱེད་དགོས།
༢ མཉེན་ཆས་དེ་གློག་ཀླད་ཀྱི་Library/Dictionaries ནང་འཇུག་དགོས།
༣ དེ་ནས་ཀུ་ཤུ་གློག་ཀླད་ཀྱི་ཚིག་མཛོད་མཉེན་ཆས་ཁ་འབྱེད་དགོས། དེར་སྒྲིག་འགོད་ཅུང་ཙམ་གཤམ་གསལ་ལྟར་བྱོས། འཇར་བོད་ཚིག་མཛོད་ཀུ་ཤུ་ཚིག་མཛོད་ཨ་མ་དེ་དང་མཉམ་དུ་བེད་སྤྱོད་གཏོང་དགོས།
༤ Dictionary དཀར་ཆག་གི་Preferences ཞེས་པར་ནོན།
༥ འཇར་བོད་ཚིག་མཛོད་ལ་རྟགས་རྒྱག་དགོས། དེ་ནས་ཙི་ཙི་མདའ་རྩེས་བཟུང་ནས་གྲལ་མགོར་བཞག་ན་རྗེས་ནས་སྟབས་བདེ་བ་ཡོང་ངེས་ཡིན།
༦ མཉེན་ཆས་དེར་བོད་ཡིག་དང་འཇར་མན་གང་རུང་བྲིས་ནས་འཚོལ་ཞིབ་བྱ་ཆོག
༧ འདི་ནི་ཚིག་མཛོད་ཙམ་མིན་པར་ཀུ་ཤུ་བཟོ་ཚོང་ཁང་གིས་བཟོས་པའི་མཉེན་ཆས་མང་ཆེ་བ་ཐད་ཀར་ཡི་གེ་གང་དགོས་ལ་རྟགས་བརྒྱབ་ནས་ Look Up ཞེས་པར་མནན་ན་ཚིག་མཛོད་ཐད་ཀར་ཤར་ངེས་ཡིན། དཔེར་ན། བོད་ཞེས་པ་པར་རིས་ལྟར་ཡིན།
|
|