༄༅།། བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སེར་སྐྱ་ཡོངས་ལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་ ༢་༡ ཅན་ནམ་སྨོན་ལམ་ཚིག་མཛོད་ཆེན་མོ་ ༢༠༢༠ iOS མ་ལག་ནང་དངོས་སུ་འགྲེམ་སྤེལ་ཞུས་ཡོད། iOS མ་ལག་ནང་མཉེན་ཆས་སྔར་ལས་ལྡབ་འགྱུར་གྱི་ཡར་རྒྱས་བཏང་ཡོད་པར་མ་ཟད། ཚིག་མཛོད་ཆེན་མོ་ལོ་གཅིག་རིང་བསྐྱར་བཅོས་ཟིན་པ་གསར་སྤེལ་བྱས་ཡོད། ཁ་པར་ནང་བཅུག་ཟིན་པ་རྣམས་ཀྱིས་བསྐྱར་གསོ་(update)གནང་རོགས། གལ་ཏེ་ཁྱེད་ཀྱི་ཁ་པར་མ་ལག་iOS ཐོན་རིམ་13.0 མན་ཡིན་ན་བསྐྱར་གསོ་མ་བྱས་ན་ལེགས།
འདི་ནི་མ་ལག་ཐོན་རིམ་13.0 དང་ཡང་ན་དེ་ལས་ཡན་ཡིན་དགོས།
འདི་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་བཅས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས།



ཕབ་ལེན་བྱ་ཡུལ། Apple App Store
གནས་ཚུལ་རྒྱས་པ་འདི་ནས་གཟིགས་རོགས་ཞུ།
https://monlamit.com/sites/default/files/softwares/advertisement/2020/index.html