སྨོན་ལམ་ཚིག་མཛོད། ༡.༡ ངོ་སྤྲོད་དང་རོགས་འདེགས་ཡིག་ཆ།
- སྨོན་ལམ་ཚིག་མཛོད། ༡.༡ ངོ་སྤྲོད་མདོར་བསྡུས།
-
སྨོན་ལམ་ཚིག་མཛོད། ༡.༡ ནི། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་དང་བཟོ་སྐྲུན་བྱེད་བཞིན་པའི་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བཀོལ་སྤྱོད་ཡོད་པའི་མཉེན་ཆས་ཅན་གྱི་བོད་ཡིག་ཚིག་མཛོད་ཅིག་ཡིན། ཚིག་མཛོད་འདིར་བོད་ཡིག་ཚིག་མཛོད་དང་། དབྱིན་བོད། བོད་དབྱིན། བོད་རྒྱ་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད་བཅས་ཁག་བཞི་ལས་གྲུབ་པ་དང་། བོད་ཡིག་ཚིག་མཛོད་ནི། དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ། སྒྲ་སྦྱོར་བམ་གཉིས་སོགས་གཞིར་བཞག་གིས་སྒྲིག་པ་ལས་ངེད་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ནང་དོན་ལ་འགན་ལེན་མེད། དབྱིན་བོད་ཚིག་མཛོད་ནི་མཁས་དབང་ཀརྨ་སྨོན་ལམ་ལགས་ཀྱིས་སྒྲིག་པའི་དབྱིན་བོད་ཚིག་མཛོད་གསར་མ་གཞིར་བཞག་བྱས་ཡོད། ད་དུང་དེར་ཐ་སྙད་གསར་པ་མང་པོ་ཞིག་ཁ་བསྐོང་བྱས་ཡོད། བོད་དབྱིན་ཚིག་མཛོད་ནི་བོད་རིག་པ་ཞིབ་འཇུག་པ་གང་མང་ཞིག་གིས་ཕྱོགས་སྒྲིག་བྱས་ནས་འདི་གར་གནང་བ་ཞིག་ཡིན་པ་ལས་དེའི་ནང་དོན་ལ་འདི་ནས་འགན་ལེན་གང་ཡང་མེད། གསར་བྱུང་རྒྱུན་བཀོལ་མིང་མཛོད་ནི། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཐུགས་འགན་བཞེས་པའི་རྒྱ་བོད་དབྱིན་གསུམ་གྱི་རྒྱུན་བཀོལ་མིང་མཛོད་རང་འཇགས་བཞག་ཡོད།
བཀོལ་སྤྱོད་བྱ་ཡུལ། Windows 7/8/10 བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཐོན་རིམ། ༡.༡ - ཁྱེད་ཀྱི་གློག་ཀླད་ལ་ཚང་དགོས་པའི་ཆ་རྐྱེན།
-
འདི་ནི་སྐུ་ཉིད་ཀྱི་གློག་ཀླད་ནང་དགོས་ངེས་ཀྱི་ཆ་རྐྱེན་མཉེན་ཆས་ Microsoft .NET Framework 4 Client Profile (x86 and x64) ཟེར་བ་དེ་ཡིན་པས་ཚིག་མཛོད་ནང་འཇུག་བྱེད་སྐབས་ཁྱོད་ཀྱི་གློག་ཀླད་ནང་མཐུན་རྐྱེན་མི་ཚང་ཚེ། འདི་ནས་ཐོག་མར་ནང་འཇུག་བྱེད་དགོས་པས་ཁྱོད་ཀྱིས་རིམ་པ་ལྟར་དང་ལེན་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་དྲ་ཐོག་ནས་ཟུར་ཏུ་ཕབ་ལེན་བྱས་ཀྱང་ཆོག་ལ། ང་ཚོའི་ཚིག་མཛོད་ཆེན་མོ་སོགས་ནང་འཇུག་རོགས་འདེགས་ཡིག་ཆའི་ནང་ངོ་སྤྲོད་བྱས་ཡོད།
འདིར་ཁྱོད་ཀྱི་གློག་ཀླད་ནང་དགོས་ངེས་ཀྱི་ཆ་རྐྱེན་མཉེན་ཆས་ Microsoft .NET Framework 4 Client Profile (x86 and x64) དེ་ནང་འཇུག་བྱེད་དགོས་པས་བརྡ་ཡིན་པས་ Accept ཟེར་བ་དེ་མནན་ནས་དང་ལེན་བྱེད་དགོས།
ཅུང་ཙམ་སྒུག་རོགས།
yes ཟེར་བ་དེར་མནན་ནས་དང་ལེན་བྱེད་རོགས།
ཅུང་ཙམ་སྒུག་རོགས།
མུ་མཐུད་ནས་སྒུག་དགོས།
ད་ནི་ནང་འཇུག་བྱེད་རྒྱུ་འགོ་འཛུགས་དགོས་པས་ Next ཟེར་བ་དེ་ནས་ནོན།
ཅུང་ཙམ་སྒུག་རོགས།
ནང་འཇུག་བྱས་ཟིན་པ་ཡིན། གཤམ་ནས་ཚིག་མཛོད་ནང་འཇུག་འགོ་འཛུགས་རྒྱུ་ཡིན།
མུ་མཐུད་ཚིག་མཛོད་ནང་འཇུག་བྱེད་རྒྱུ་ཡིན་པས་ཚིག་མཛོད་ནང་འཇུག་དཔེ་རིས་ལ་གཟིགས་རོགས།
- སྨོན་ལམ་ཚིག་མཛོད། ༡.༡ ནང་འཇུག་བྱ་ཚུལ།
-
སྨོན་ལམ་ཚིག་མཛོད་གཅིག་ཚེག་གཅིག་ནང་འཇུག་ངོ་སྤྲོད།
སྨོན་ལམ་ཚིག་མཛོད་གཅིག་ཚེག་གཅིག་ཅན་གྱི་མཉེན་ཆས་ནང་འཇུག་བྱེད་ཚེ། ཁྱོད་ཀྱི་ང་ཚོས་དྲ་བ་ནས་ཕབ་ལེན་ནམ་ཡང་ན་འོད་སྡེར་འཐེབ་སྡེར་སོགས་ཀྱི་ནང་རིན་མེད་ཞབས་ཞུ་བྱེད་བཞིན་ཡོད། ནང་འཇུག་བྱེད་ཚེ་གཤམ་གསལ་ནང་འཇུག་གི་རིམ་པ་ལྟར་དཔེ་རིས་དང་འགྲེལ་བཤད་ཇི་བཞིན་གནང་དགོས།
འདིར་ཁྱོད་ཀྱིས་སྨོན་ལམ་ཚིག་མཛོད་ Monlam Dictionay ཟེར་བ་དེའི་སྟེང་མདའ་རྩེ་ཞོག་ལ་གཡས་པ་ནས་ནོན
དེ་ནས་ཁྱོད་ཀྱིས་མར་འཆར་དཀར་ཆག་ལས་ Run as administrator ཟེར་བ་དེ་ནས་ནོན།
དེ་ནས་ཁྱོད་ཀྱིས་འདིར་ Yes ཟེར་བ་དེ་ནས་མནན་ཏེ་དང་ལེན་བྱེད་དགོས།
མཚམས་འདིར་ཅུང་ཙམ་སྒུག་དགོས།
འདིར་སྨོན་ལམ་ཚིག་མཛོད་ཟེར་བ་དེ་ནས་ནོན་དང་ནང་འཇུག་འགོ་འཛུགས་ངེས།
དེ་ནས་འདིར་ཡང་ Yes ཟེར་བ་དེ་ནས་མནན་ཏེ་དང་ལེན་བྱེད་དགོས།
ད་གཟོད་ཁྱོད་ཀྱི་གློག་ཀླད་ནང་ཚིག་མཛོད་ནང་འཇུག་འགོ་བཙུགས་ཚར་བ་རེད། གལ་ཏེ་ཁྱོད་ཀྱི་གློག་ཀླད་ནང་དགོས་ངེས་ཀྱི་ཆ་རྐྱེན་མཉེན་ཆེས་ Microsoft .NET Framework 4 Client Profile (x86 and x64) མེད་ཚེ་བར་མཚམས་འདི་ནས་རང་འགུལ་གྱིས་ནངའཇུག་འགོ་འཛུགས་བྱེད་པས་གཤམ་གྱི་ལེ་ཚན་གཞན་པའི་ངོ་སྤྲོད་ནང་གཟིགས་རོགས་ཞུ།
འདིར་ཅུང་ཙམ་སྒུག་དགོས།
ད་ནི་ Next ཟེར་བ་དེར་ནོན་ལ་མུ་མཐུད་ནང་འཇུག་གི་རིམ་པ་ལྟར་བྱོས།
ཡར་བསྐྱར་ Next ཟེར་བ་དེར་ནོན་ལ་མུ་མཐུད་ནང་འཇུག་གི་རིམ་པ་ལྟར་བྱོས།
འདི་ནས་ཅུང་ཙམ་སྒུག་དགོས།
ད་ནི་ Close ཟེར་བ་དེ་ནས་ནོན་ལ་སྒོ་རྒྱོབས་དང་ཁྱོད་ཀྱི་སྨོན་ལམ་ཚིག་མཛོད་གཅིག་ཚེག་གཅིག་ནང་འཇུག་བྱས་ཟིན་པ་ཡིན། དཀར་ཁུང་ངོས་སུ་སྨོན་ལམ་ཚིག་མཛོད་ཀྱི་ལས་རྟགས་ཤར་ཡོད་པས་དེར་ནོན་དང་སྒོ་ཕྱེ་ངེས་ཡིན།
- བེད་སྤྱོད་གཏོང་ཚུལ།
-
སྨོན་ལམ་ཚིག་མཛོད། ༡.༡ བེད་སྤྱོད་གཏོང་སྟངས་ངོ་སྤྲོད།
སྨོན་ལམ་ཚིག་མཛོད་འདིའི་ཁྱད་ཆོས་གཙོ་བོ་ནི་གོང་གི་དཀར་ཆག་ནང་གསལ་བ་ལྟར་བོད་ཡིག་འཚོལ་བ་དང་། དབྱིན་ཡིག་ནས་བོད་ཡིག་འཚོལ་བ། བོད་ཡིག་ནས་དབྱིན་ཡིག་འཚོལ་བ། གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་སྡེ་ཚན་བཞི་རུ་གཏོགས་པས། རང་ཉིད་ལ་གང་དགོས་བེད་སྤྱོད་བྱས་ཆོག
དེ་ནས་དམིགས་བསལ་ཞིག་ཡོད་པ་ནི་ཚིག་མཛོད་འདིའི་འགྲེལ་བཤད་ནང་གི་ཚིག་ཅིག་གི་ནང་དོན་འཚོལ་དགོས་བྱུང་ཚེ་ཁྱོད་ཀྱིས་ཚིག་དེ་མདའ་རྩེས་ཡི་གེ་དགོས་ལ་རྟགས་སྔོན་པོ་བྱོས་ལ་གཡས་ཕྱོགས་ནས་ནོན་དང་། དེར་དབྱིན་ཡིག་དང་བོད་ཡིག་གང་དགོས་འཚོལ་གནས་ཀྱི་དཀར་ཆག་འཆར་ཡོང་བས་གང་དགོས་ལྟར་ནོན། དེ་མིན་ཁྱོད་ཀྱིས་ཚིག་དེ་མདའ་རྩེས་སྔོན་པོ་བྱས་ནས། དབྱིན་ཡིག་ནང་དགོས་ཚེ་མྱུར་འཐེབ་ ctrl+E དང་། བོད་ཡིག་ནང་དགོས་ཚེ་མྱུར་འཐེབ་ ctrl+T མནན་ཡང་འགྲིག
གཞན་ཡང་ཁྱོད་ཀྱི་ཚིག་མཛོད་སྒོ་ཕྱེས་ནས་ Word དང་ཡང་ན་དྲ་གནས་སོགས་ཀྱི་ཡི་གེ་ལས་དཔེར་ན་(འཐུས་)ཟེར་བ་ཞིག་གི་དོན་འཚོལ་དགོས་ཚེ་ཡང་མདའ་རྩེ་གཡས་པ་ནོན་ལ་ Copy ཞེས་པ་ལས་པར་བཤུ་བྱས་ནས་ཕྱིར་ཚིག་མཛོད་ནང་ལྟོས་དང་། ནང་དོན་རང་འགུལ་གྱིས་དོན་བཙལ་ཡོང་། འདི་ནི་དཀར་ཁུང་རྟགས་ཅན་ Windows ནང་གི་སྤྱོད་སྒོ་ཙམ་ཡིན།
གཞན་ཡང་གསར་བྱུང་མིང་མཛོད་ལྟ་བུ་ལས་ཀྱང་བོད་ཀྱི་ཐ་སྙད་གསར་པ་དེ་དག་གི་དོན་བོད་རྒྱ་དབྱིན་གསུལ་ལས་འཚོལ་བཤེར་བྱ་ཐུབ།
འདི་ནི་དཔེ་མཚོན་ཙམ་ཡིན། གོང་གི་བོད་དང་དབྱིན་རྒྱ་སོགས་ཟེར་བ་གང་རུང་ལ་མནན་ཚེ། ཁྱེད་ལ་མ་ཚིག་བོད་རྒྱ་དབྱིན་གསུམ་གང་དགོས་འཚོལ་བཤེར་རེའུ་མིག་ལ་འཆར་ཡོང་།
- ངོ་སྤྲོད་མདོར་བསྡུས།
-
སྨོན་ལམ་ཚིག་མཛོད། ༡.༡ ནི། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་དང་བཟོ་སྐྲུན་བྱེད་བཞིན་པའི་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བཀོལ་སྤྱོད་ཡོད་པའི་མཉེན་ཆས་ཅན་གྱི་བོད་ཡིག་ཚིག་མཛོད་ཅིག་ཡིན། ཚིག་མཛོད་འདིར་བོད་ཡིག་ཚིག་མཛོད་དང་། དབྱིན་བོད། བོད་དབྱིན། བོད་རྒྱ་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད་བཅས་ཁག་བཞི་ལས་གྲུབ་པ་དང་། བོད་ཡིག་ཚིག་མཛོད་ནི། དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ། སྒྲ་སྦྱོར་བམ་གཉིས་སོགས་གཞིར་བཞག་གིས་སྒྲིག་པ་ལས་ངེད་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ནང་དོན་ལ་འགན་ལེན་མེད། དབྱིན་བོད་ཚིག་མཛོད་ནི་མཁས་དབང་ཀརྨ་སྨོན་ལམ་ལགས་ཀྱིས་སྒྲིག་པའི་དབྱིན་བོད་ཚིག་མཛོད་གསར་མ་གཞིར་བཞག་བྱས་ཡོད། ད་དུང་དེར་ཐ་སྙད་གསར་པ་མང་པོ་ཞིག་ཁ་བསྐོང་བྱས་ཡོད། བོད་དབྱིན་ཚིག་མཛོད་ནི་བོད་རིག་པ་ཞིབ་འཇུག་པ་གང་མང་ཞིག་གིས་ཕྱོགས་སྒྲིག་བྱས་ནས་འདི་གར་གནང་བ་ཞིག་ཡིན་པ་ལས་དེའི་ནང་དོན་ལ་འདི་ནས་འགན་ལེན་གང་ཡང་མེད། གསར་བྱུང་རྒྱུན་བཀོལ་མིང་མཛོད་ནི། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཐུགས་འགན་བཞེས་པའི་རྒྱ་བོད་དབྱིན་གསུམ་གྱི་རྒྱུན་བཀོལ་མིང་མཛོད་རང་འཇགས་བཞག་ཡོད།
བཀོལ་སྤྱོད་བྱ་ཡུལ། OS X 10.6 ཡན་གྱི་ཐོན་རིམ་ནང་བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཐོན་རིམ། ༡.༡ - དགོས་ངེས་ཀྱི་ཆ་རྐྱེན།
-
ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་མཉེན་ཆས་ཅི་ཞིག་ནང་འཇུག་བྱས་ཀྱང་ཐོག་མར་དེའི་ནང་དུ་མཉེན་ཆས་ནང་འཇུག་བྱེད་ཆོག་མིན་གྱི་ཁེ་དབང་བེད་སྤྱོད་བྱེད་པ་ལ་དགོངས་ཁྲོལ་དགོས་པ་ཡིན། དེའི་ཕྱིར་ཁྱོད་ཀྱི་གློག་ཀླད་ནང་མཉེན་ཆས་ནང་འཇུག་བྱེད་མི་ཐུབ་ཚེ། གཤམ་གྱི་དཔེ་རིས་ལ་གཟིགས་ནས་སྒོ་འབྱེད་དང་ལེན་བྱེད་དགོས།
གལ་ཏེ་ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ཕབ་གནས་ Mac App Store ནང་ནས་་གསར་བ་ཕབ་ལེན་བྱས་ཚེ་འདི་དག་ལ་དང་ལེན་སོགས་བྱེད་མི་དགོས་ཀྱང་དྲ་ཚིགས་གཞན་ནས་ཕབ་ལེན་དང་། ཡང་ན་འོད་སྡེར་འཐེབ་སྡེར་སོགས་ལས་ནང་འཇུག་བྱས་ཚེ་མཉེན་ཆས་གློག་ཀླད་དོ་དམ་སྒྲིག་གཅོད་བསྟི་གནས་ System Preferences > Security & Privacy ཟེར་བ་དེའི་ནང་སོང་ནས་གང་ཡང་ནང་འཇུག་བྱ་ཆོག་པའི་ཆོག་མཆན་ Anyway ཟེར་བ་དེ་འདེམས་དགོས།
འདི་ནི་སྒོ་འབྱེད་བྱས་ཟིན་པའི་དཔེ་རིས་རེད།
དཔེར་ན། ཁྱོད་ཀྱིས་མཉེན་ཆས་ཤིག་ནང་འཇུག་བྱེད་ཚེ། འདི་ལྟར་སྒོ་ཕྱེ་བ་དང་། བརྡ་གསར་བ་ཞིག་སླེབས་པས་གཤམ་ལ་གཟིགས།
འདི་ནི་ཁྱོད་ཀྱི་མཉེན་ཆས་དེ་ནང་འཇུག་བྱེད་མི་ཐུབ་པའི་བརྡ་ཡིན། དེར་ Open ནས་མནན་ཡང་ནང་འཇུག་བྱེད་མི་ཐུབ་པས་གཤམ་ལ་གཟིགས།
འདི་ནི་ཁྱོད་ཀྱིས་མཉེན་ཆས་དེ་ནང་འཇུག་བྱེད་པའི་ཚད་བཀག་ཡོད་པས་བརྡ་ཡིན་པས་དཔེ་རིས་གཤམ་ལ་གཟིགས། དེ་ནས་ཁྱོད་ཀྱིས་གློག་ཀླད་ཀྱི་སྤྱིར་བཏང་དཀར་ཆག་ཆེ་བ་ Menu ནང་སོང་ལ་དེ་ནས་རྩ་བའི་སྒྲིག་གཅོད་ System Preferences ཟེར་བ་དེར་སོང་། དེ་ནས་དོ་དམ་སྒྲིག་གཅོད་བསྟི་གནས་སམ་ Security & Privacy icon ་ཟེར་བ་དེ་ནས་ནོན། གཤམ་གྱི་དཔེ་རིས་ནང་ལྟར་གཟིགས་རོགས།
འདི་ནས་སྒོ་བླངས་པ་དང་གཤམ་ལ་གཟིགས།
དེ་ནས་ཁྱོད་ཀྱིས་ App Store and identified developers ལ་རྟགས་བརྒྱབ་ནས་ཕར་ཕྱོགས་ནས་ Open Anyway ཟེར་བ་དེར་ནོན་དང་འགྲིག་པ་ཡིན།
- སྨོན་ལམ་ཚིག་མཛོད། ༡.༡ ནང་འཇུག་བྱ་ཚུལ།
-
སྨོན་ལམ་ཚིག་མཛོད་གཅིག་ཚེག་གཅིག་ནང་འཇུག་བྱས་ཚེ། ཐོག་དང་པོར་ཁྱོད་ཀྱིས་ Monlam Dictionary v.1.1. mpkg ཟེར་བ་དེའི་སྟེང་མདའ་རྩེ་ནོན་དང་ནང་འཇུག་མཉེན་ཆས་ཁ་ཕྱེ་ཡོང་།
དེ་ནས་མུ་མཐུད་ Continue ཟེར་བ་དེ་ནས་ནོན་ལ་ནང་འཇུག་དང་ལེན་བྱེད་རོགས།
ཡང་བསྐྱར་ Continue ནོན་ལ་དང་ལེན་བྱེད་རོགས་ཞུ།
དེ་ནས་ཡང་བསྐྱར་དེ་ལྟར་དང་ལེན་ Continue ཟེར་བ་དེ་ནས་ནོན།
དེ་ནས་ Agree ཟེར་བ་དེ་ནས་ནོན་ལ་ནང་འཇུག་གི་རིམ་པ་ངོས་ལེན་བྱེད་རོགས་ཞུ།
དེ་ནས་ཡང་བསྐྱར་ Continue ཟེར་བ་དེ་ནས་ནོན་ལ་ནང་འཇུག་ངོས་ལེན་བྱེད་དགོས།
ད་ནི་ཁྱོད་ཀྱིས་ Install ཟེར་བ་དེ་ནས་ནོན་དང་ནང་འཇུག་གི་བྱ་བ་འགོ་རྩོམ་ཡོང་།
འདིར་ཁྱོད་ཀྱི་གློག་ཀླད་གསང་ཚིག་དགོས་པས་བརྡ་ཡིན་པས་གསང་ཚིག་གནོན་དགོས། དེ་ནི་སྐུ་ཉིད་ཀྱིས་རྒྱུན་པར་གློག་ཀླད་སྒོ་ཕྱེ་སྐབས་བེད་སྤྱོད་བྱེད་བཞིན་པའི་གསང་ཚིག་དེ་ཡིན།
གསང་ཞིག་ནོན་ལ་མུ་མཐུད་ནང་འཇུག་བྱེད་དགོས་པས་ Install Software ཟེར་བ་དེ་ནས་མདའ་རྩེས་ནོན།
ཅུང་ཙམ་སྒུགས་དང་ནང་འཇུག་བྱེད་ཚར་གྲབས་ཡོད།
ད་ནི་ནང་འཇུག་བྱས་ཟིན་པས་ཁྱོད་ཀྱིས་ Close ཟེར་བ་དེ་ནས་ནོན་ལ་སྒོ་རྒྱོབ།
- བེད་སྤྱོད་གཏོང་ཚུལ།
-
ད་ནི་ཁྱོད་ཀྱིས་སྨོན་ལམ་ཚིག་མཛོད། ༡.༡ ནང་འཇུག་བྱས་ཟིན་ན་ཡང་བེད་སྤྱོད་བྱེད་པ་ལ་ངེས་པར་དུ་ Mac SO X ནང་གི་ཚིག་མཛོད་ནང་མཉམ་བསྐྱོད་བྱེད་དགོས་པས་ན། འདིར་གཤམ་གྱི་དཀར་ཆག་སྟེ་ Launchpad ཟེར་བ་དེའི་ནང་སོང་ལ་ཚིག་མཛོད་ Dictioanary དམར་པོ་དེའི་སྒོ་ཕྱེས།
འདིའི་སྒོ་ཕྱེས་པ་དང་གོང་གི་དཀར་ཆག་ལ་འགྲོ་དགོས་པས་གཤམ་གྱི་དཔེ་རིས་ལ་གཟིགས།
འདིའི་ཚིག་མཛོད་ Dictionary ཟེར་བ་དེ་ནས་ནོན།
དེ་ནས་དཀར་ཆག་ལས་ Preferences.. ཟེར་བ་དེར་ནོན་དང་སྒྲིག་གནས་ཤིག་ཐོན་ཡོང་།
འདིར་ཁྱོད་ཀྱིས་རང་ལ་དགོས་ངེས་ཀྱི་ཚིག་མཛོད་ལ་རྟགས་རྒྱག་དགོས། Monlam TBEN dictioanary དང་ Monlam EN dictionary དང་། ཡང་ Monlam TB dictionary སོགས་ཚར་མར་རྟགས་རྒྱག་དགོས། གལ་སྲིད་འདི་དག་མཐོང་སར་མེད་ཚེ་གཤམ་གྱི་དཀར་ཆག་ནང་འཚོལ་དང་གཤམ་ལ་ཡོད།
དེ་ལྟར་རྟགས་རྒྱབ་པ་དང་སྒོ་རྒྱོབ་དང་འགྲིག དེ་ནས་སླར་ཡང་ཚིག་མཛོད་དམར་པོ་དེའི་སྒོ་ཕྱེས་དང་ཚིག་མཛོད་ཡོངས་རྫོགས་དེར་ཡོད། འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དཀར་ཁུང་རྟགས་ཅན་ནང་བཞིན་མཉེན་ཆས་ལོགས་སུ་མེད་པས་མ་ལག་ཚིག་མཛོད་གཅིག་གི་ནང་ཡོངས་རྫོགས་མཉམ་དུ་ཡོད།
ད་ནི་ཚིག་མཛོད་སྒོ་ཕྱེས་དང་གོང་གི་དཀར་ཆག་ལས་རེ་རེ་བཞིན་མིང་ཡོད་པ་དེ་ལྟར་བེད་སྤྱོད་བྱས་པས་འཐུས།