བསྟན་འཛིན་འཕྲིན་ལས།
རོགས་དངུལ་འཚོལ་སྒྲུབ་དང་ལས་འཆར་འགན་འཁུར་བ།
བསྟན་འཛིན་འཕྲིན་ལས་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རོགས་དངུལ་འཚོལ་སྒྲུབ་དང། ལས་འཆར་དོ་དམ། འཕྲུལ་ལས་འཁོར་སྐྱོད་བཅས་ཀྱི་འགན་འཁུར་བ་ཡིན། ཁོང་གིས་ཞིབ་འཇུག་ཁང་གི་དཔལ་འབྱོར་ཡར་རྒྱས་དང་མཐུན་རྐྱེན་འཚོལ་སྒྲུབ་ཀྱི་འགན་ཁུར་བའི་ཐོག་“བོད་ཀྱི་གྲངས་འཛིན་དཔེ་མཛོད་” ཀྱིས་མཚོན་པའི་གྲངས་འཛིན་ལས་གཞི་མང་པོར་སྟངས་འཛིན་བྱེད་བཞིན་ཡོད། ཁོང་དྷ་སྟེང་བོད་ཁྱིམ་དང་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭར་འཚར་ལོངས་བྱུང་བ་དང་། རྗེས་སུ་སློབ་ཡོན་ཐོབ་སྟེ་དབྱིན་ཡུལ་གྱི་འཛམ་གླིང་མཉམ་སྒྲིལ་མཐོ་སློབ་ (United World College) ཏུ་སློབ་གཉེར་བྱས། ཕྱི་འགྲིམ་སློབ་གཉེར་གྱི་ཉམས་མྱོང་དང་ཤེས་ཡོན་གྱིས་ཁོང་ལ་བོད་པའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་རིན་ཐང་དང་། རྒྱལ་སྤྱིའི་ཚད་གཞི་ལྡན་པའི་འཛིན་སྐྱོང་ལམ་ལུགས་གཉིས་ཟུང་འབྲེལ་བྱེད་པའི་ནུས་པ་སྦྱིན་ཡོད། ཁོང་གིས་ད་ལྟའི་ཆར་བོད་ཀྱི་རིག་གཞུང་འདི་ཉིད་བརྡ་འཕྲིན་དུས་རབས་ཀྱི་ཚན་རྩལ་འཕྲུལ་རིག་གི་ཁོར་ཡུག་ཏུ་མུ་མཐུད་གསོན་གནས་ཡོང་བ་དང་། ཐུན་མོང་གིས་སྦྱོང་སྤྱོད་སྤེལ་གསུམ་བྱེད་བདེ་བའི་སླད་དུ་འཕྲུལ་ལས་དང་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་བཟོ་བར་སེམས་ཤུགས་ཆེན་པོས་ཕྱག་ལས་གནང་མུས་ཡིན།