བསྟན་འཛིན་ནོར་བཟང་།

སྤྱི་ཁྱབ་འཕེལ་རྒྱས་འགན་འཁུར་བ།

བསྟན་འཛིན་ནོར་བཟང་།

བསྟན་འཛིན་ནོར་བཟང་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འཕེལ་རྒྱས་འགན་འཁུར་བ་ཡིན་ཞིང་། ཁོང་གིས་ཞིབ་འཇུག་ཁང་གི་ཐབས་ཇུས་མཉམ་ལས་དང་། མ་དངུལ་འདུ་འགོད། ཡུན་རིང་རྒྱུན་གནས་ཀྱི་འཆར་འགོད་བཅས་ཀྱི་ཐད་ཐུགས་འགན་བཞེས་བཞིན་ཡོད། ཁོང་ལ་ལོ་ངོ་ ༡༧ ལྷག་གི་ལས་ཀའི་ཉམས་མྱོང་ཡོད་ཅིང་། དེ་སྔོན་བོད་མིའི་སྒྲིག་འཛུགས་དང་། ཨ་རིའི་རོགས་ཚོགས་ (USAID)། ཕྲེ་ཌིརིག་ནའུ་མན་ཐེབས་རྩ་ཚོགས་པ་ (FNF) སོགས་རྒྱལ་སྤྱིའི་ཡར་རྒྱས་ཚོགས་པ་ཁག་དང་ལྷན་དུ་འབྲེལ་ལམ་ཟབ་མོས་ཕྱག་ལས་གནང་མྱོང་ཡོད། ཁོང་ནི་ལས་གཞི་འཛིན་སྐྱོང་བྱེད་པ་དང་། འཛིན་སྐྱོང་སྒྲོམ་གཞི་སྲ་བརྟན་གཏོང་བ། དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་དབར་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་ལ་ཁྱད་ཡོན་གཉིས་ལྡན་གྱི་ཉམས་མྱོང་མངའ་བ་ཞིག་ཡིན། ཁོང་གིས་ཚོང་ལས་དང་ལས་གཞི་འཛིན་སྐྱོང་ཐད་གཙུག་ལག་རབ་འབྱམས་པའི་སློབ་དཔོན་གྱི་ལག་འཁྱེར་བླངས་ཡོད་པར་མ་ཟད། ནོར་འཛིན་བློ་འདྲི་ས་ (Norzin Consultancy) དང་། AllAboutTibet, Tibet Startup བཅས་གསར་གཏོད་གནང་སྟེ། བོད་ཀྱི་ཚོང་ལས་དང་དྲ་ལམ་གྱི་བོད་དོན་གླེང་སྟེགས་ཡར་རྒྱས་གཏོང་བར་འབད་བརྩོན་གནང་ཡོད། ད་ལྟའི་ཆར་ཁོང་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གྲངས་འཛིན་བདག་དབང་(Digital Sovereignty) དང་། མ་འོངས་པའི་དུས་རབས་ལ་གདོང་ལེན་ཐུབ་པའི་སྒྲིག་འཛུགས་བརྟན་པོ་ཞིག་བསྐྲུན་རྒྱུའི་ལྷག་བསམ་བཅངས་ཏེ། ཐབས་ཇུས་འཆར་འགོད་དང་ཕུགས་རྒྱང་རིང་བའི་བསམ་བློ་ཟུང་འབྲེལ་གྱིས་ཞིབ་འཇུག་ཁང་འདི་ཉིད་ཡར་རྒྱས་གོང་འཕེལ་གཏོང་བར་ནུས་པ་འདོན་བཞིན་ཡོད་དོ།།