དཀོན་མཆོག་སྒྲོལ་མ།

ལས་འཆར་འབྲེལ་མཐུད་པ།

དཀོན་མཆོག་སྒྲོལ་མ།

དཀོན་མཆོག་སྒྲོལ་མ་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་འཆར་འབྲེལ་མཐུད་པ་ཡིན་ཞིང་། ཁོང་མོས་ཞིབ་འཇུག་ཁང་གི་གསར་གཏོད་ལས་གཞི་ཁག་འཆར་འགོད་དང་། ལག་བསྟར་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཁོ་མོས་དེ་སྔོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ལོ་ལྔའི་ (༢༠༡༩-༢༠༢༤) རིང་ཕྱག་ལས་གནང་ཞིང་། དེའི་རིང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་གི་གཙང་སྦྲ་དང་འཕྲོད་བསྟེན་ལས་གཞི་ (WASH Projects) ཁག་ལ་ལྟ་རྟོག་དང་། ལྷག་པར་དུ་སྦིར་གཞིས་ཆགས་ཀྱི་འཕྲོད་བསྟེན་ལས་གཞི་ཁག་འཛིན་སྐྱོང་གི་འགན་འཁུར་བཞེས། མོ་ལ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་མི་རན་ཌ་ (Miranda House, DU) ནས་དབྱིན་ཇི་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། པུ་ནེ་ (MIT Pune) ནས་འགོ་ཁྲིད་དང་འཛིན་སྐྱོང་ (Leadership and Governance) ཐད་གཙུག་ལག་རབ་འབྱམས་པའི་བསླབ་གནས་མཐར་ཕྱིན་པའི་ཚད་འཛིན་ཕྱག་འཁྱེར་ཐོབ་ཡོད། ད་ལྟའི་ཆར་ཁོ་མོས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ལས་གཞི་ཁག་ཅིག་གི་འགྲོས་ཚད་དང་། དེ་དང་འབྲེལ་ཡོད་སྡེ་ཚན་ཕན་ཚུན་གྱི་འབྲེལ་ལམ་ལ་ལྟ་རྟོག་གནང་བཞིན་ཡོད།