བསྟན་འཛིན་དཔལ་འབྱོར།
འཕྲུལ་ལས་དང་ལས་འཆར་འགན་འཛིན་གཞོན་པ།
བསྟན་འཛིན་དཔལ་འབྱོར་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འཕྲུལ་ལས་དང་ལས་འཆར་འགན་འཛིན་གཞོན་པ་ཡིན་ཞིང་། ཁོང་གིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་དང་འབྲེལ་བའི་བརྡ་འཕྲིན་ལག་རྩལ་ཡར་རྒྱས་གཏོང་བ་དང་། ཇུས་འགོད་དང་། འབྲེལ་མཐུད། མིས་བཟོས་རིག་ནུས་ལ་བརྟེན་པའི་ལས་གཞི་ལག་བསྟར། སྐད་ཡིག་གི་དཔེ་གཞི་དང་། གློག་རྡུལ་ཚིག་མཛོད། སྒྲ་སྐད་ཡིག་འབེབས་ལག་ཆ་སོགས་རྙོག་འཛིང་ཆེ་བའི་འཕྲུལ་ལས་རིགས་མང་ཚོགས་ཀྱིས་བེད་སྤྱོད་གཏོང་བདེ་བའི་ཐབས་སུ་ཇི་ལྟར་བསྒྱུར་བར་ཐུགས་འགན་བཞེས་བཞིན་ཡོད། ཁོང་གི་སྣེ་ཁྲིད་འོག་སྨོན་ལམ་བརྡ་འཕྲིན་དང་འབྲེལ་བའི་མིས་བཟོས་རིག་ནུས་ཀྱི་ལག་ཆ་ཁག་གསར་བཟོ་དང་། རིག་གཞུང་རྒྱུན་འཛིན་གྱི་གྲངས་འཛིན་ལས་གཞི་མང་པོར་གྲུབ་འབྲས་གང་ལེགས་ཐོབ་ཡོད། ད་དུང་ཁོང་གིས་སློབ་མ་དང་དགེ་རྒན་རྣམས་ལ་གློག་ཀླད་ཤེས་བྱ་དང་བསམ་བློ་གཏོང་སྟངས་ཀྱི་ཟབ་སྦྱོང་སྤྲད་དེ། བོད་པའི་སྤྱི་ཚོགས་ནང་འཕྲུལ་ལས་ཀྱི་གོ་རྟོགས་སྤེལ་བར་ནུས་པ་བཏོན་ཡོད། ཁོང་གིས་དེ་སྔོན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ལག་བསྟར་ཞིབ་འཇུག་ (Operational Research) ཐོག་གཙུག་ལག་རབ་འབྱམས་པ་དང་། རྩིས་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་གནས་བླངས་ཡོད་པས། ཁོང་གི་ཚད་མཐོའི་རྩིས་རིག་གི་གོ་རྟོགས་དང་། ལས་གཞི་འཆར་འགོད་དང་འབྲེལ་ལམ་སྐོར་གྱི་སྦྱོང་བརྡར་བཅས་ཀྱིས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འཕྲུལ་ལས་ལས་གཞི་ཁག་ཚད་ལྡན་གྱིས་ལག་བསྟར་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ཁོང་གིས་འཕྲུལ་ལས་དང་། གནས་ཚུལ་དབྱེ་ཞིབ། སྒྱུ་རྩལ་བཅས་ཟུང་འབྲེལ་གྱིས་ཀུན་ལ་ཕན་ཞིང་ནུས་པ་ཐོན་ངེས་ཀྱི་མ་ལག་གསར་སྐྲུན་བྱེད་བཞིན་ཡོད་ལ། བོད་ཀྱི་ཤེས་རིག་འདི་ཉིད་གློག་རྡུལ་དུས་རབས་ཁྲོད་གསར་གཏོད་རང་བཞིན་གྱིས་དར་སྤེལ་བྱེད་པར་འབད་བརྩོན་ལྷོད་མེད་གནང་བཞིན་མཆིས།