བསྟན་འཛིན་ཉི་མ།

འཛིན་སྐྱོང་འགན་འཛིན།

བསྟན་འཛིན་ཉི་མ།

བསྟན་འཛིན་ཉི་མ་ལགས་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འཛིན་སྐྱོང་འགན་འཛིན་ཡིན་ཞིང་། ཁོང་མོས་ལྷག་བསམ་དང་འགན་འཁྲི་གཙོ་བོར་བཟུང་སྟེ། ཚོགས་པའི་དངུལ་རྩའི་དོ་དམ་དང་འཛིན་སྐྱོང་གི་སྒྲོམ་གཞི་ཡར་རྒྱས་གཏོང་བར་འགན་འཁུར་བཞེས་བཞིན་ཡོད། དེ་སྔོན་མོས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་སོགས་ཚོགས་སྡེ་ཁག་ཅིག་གི་འཛིན་སྐྱོང་ལམ་ལུགས་སྲ་བརྟན་གཏོང་བར་གལ་ཆེའི་ནུས་པ་བཏོན་པ་སོགས་ཁོང་མོར་དངུལ་རྩའི་དོ་དམ་དང་འཛིན་སྐྱོང་ཐད་ལོ་ངོ་ ༡༥ ལྷག་གི་ཉམས་མྱོང་ཡོད་ལ། ལོ་ངོ་གསུམ་རིང་ལུས་སེམས་བདེ་ཐང་དང་སྤྱི་ཚོགས་ཕན་བདེའི་ཆེད་ལུས་རྩལ་དང་ཡོ་གཱའི་ (Yoga) སློབ་སྟོན་པའི་ཕྱག་ལས་ཀྱང་གནང་ཡོད། ཁོང་མོ་ནི་བྷ་རོ་ཌ་མ་ཧཱ་ར་ཇ་ས་ཡ་ཇི་རའོ་ (MSU Baroda) གཙུག་ལག་སློབ་གཉེར་ཁང་ནས་ཚོང་ལས་འཛིན་སྐྱོང་སྐོར་གྱི་གཙུག་ལག་རབ་འབྱམས་པ་ (MBA) ཐོན་པའི་ཁར། བོད་པའི་ཁེ་ལས་པ་སྐྱེད་སྲིང་ལས་གཞིའི་ (TEP) སློབ་ཐོན་པ་ཞིག་ཀྱང་ཡིན། ཤེས་ཡོན་དང་ལག་ལེན་ཟུང་དུ་འབྲེལ་བའི་ཉམས་མྱོང་འདི་དག་གིས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་གཞི་ཁག་ཡུན་རིང་རྒྱུན་གནས་ཐུབ་པ་དང་། སྤྱི་ཚོགས་ལ་ཕན་ནུས་ཆེན་པོ་འཐོན་རྒྱུར་ནུས་པ་བླ་མེད་འདོན་ཐུབ། ད་ལྟའི་ཆར་ཁོང་མོས་ཞིབ་འཇུག་ཁང་ལ་མཐུན་འགྱུར་གནང་མཁན་ཁག་དང་འབྲེལ་ལམ་རྒྱུན་སྐྱོང་གནང་བ་དང་། ཚོགས་པའི་འཛིན་སྐྱོང་སྒྲོམ་གཞི་དེང་རབས་ཅན་དུ་བསྒྱུར་ཏེ། མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བཞིན་ཡོད་དོ།།