ཡིག་ཆ།

སྨོན་ལམ་བོད་ཡིག་བཞི་པའི་ངོ་སྤྲོད་ཡིག་ཆ།

དཔར་སྐྲུན། Nov 22, 2025 ཐོན་རིམ།: 4.0
སྨོན་ལམ་བོད་ཡིག་བཞི་པ་ནི་དེ་སྔའི་སྨོན་ལམ་བོད་ཡིག་གསུམ་པར་བསྐྱར་བཅོས་དང་འབྲེལ་ལཉྫ་དང་དབུ་ཅན་ལག་བྲིས་སོགས་ཡིག་གཟུགས་གསར་པ་ཁག་ཅིག་གསར་སྣོན་གྱིས་ཉེ་ཆར་གསར་དུ་འགྲེམས་སྤེལ་བྱས་པ་ཞིག་ཡིན།

སྨོན་ལམ་བོད་ཡིག་བཞི་པའི་ཁྱད་ཆོས།

༡༽ལེགས་བཅོས་དང་རྒྱ་བསྐྱེད།
སྨོན་ལམ་བོད་ཡིག་བཞི་པ་ནི་སྔོན་གྱི་སྨོན་ལམ་བོད་ཡིག་གསུམ་ཚེག་གཅིག་གི་རྨང་གཞིའི་སྟེང་། འཕྲི་སྣོན་དང་ལེགས་བཅོས་གང་ལེགས་བྱས་པ་ཞིག་ཡིན། དེའི་ནང་གི་ཁྱད་ཆོས་གཙོ་བོ་ནི་དེ་སྔོན་སྔགས་ཡིག་གཏག་པའི་སྐབས་སུ་ཡིག་འབྲུ་མི་ཚང་བ་དང་གཏག་མི་ཐུབ་པའི་དཀའ་ངལ་རྣམས་བསལ་ཏེ། ད་ཆ་སྔགས་ཀྱི་ཡིག་འབྲུ་རྣམས་དཀའ་ཚེགས་མེད་པར་ལེགས་པར་གཏག་ཐུབ།

༢༽ ཡིག་གཟུགས་གསར་པའི་ཁྱད་ཆོས།
སྨོན་ལམ་ལཉྫ། འདི་ནི་མཁས་དབང་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ཕྱག་བྲིས་གཞིར་བཟུང་སྟེ་བཟོས་ཤིང་། འདི་བསྟན་བཅོས་ཁག་གི་མཚན་བྱང་དང་མཆོད་བརྗོད་སུམ་བིད་དུ་ཡོད་པ་རྣམས་དེང་གི་གློག་ཀླད་མཉེན་ཆས་ནང་ཇི་བཞིན་སྒྲིག་སྦྱོར་བྱེད་པར་ཧ་ཅང་སྟབས་བདེ།

ཚུགས་མ་འཁྱུག འདི་ནི་ད་ལྟའི་སྐྱབས་མགོན་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཕྱག་བྲིས་གཞིར་བཟུང་ཞིང་། བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་ཡིག་གཟུགས་ཤིག་ཡིན།

དབུ་ཅན་ལག་བྲིས། འདི་ནི་ཐེ་བོ་སངས་རྒྱས་ལགས་ཀྱིས་དེང་རབས་སྣུམ་སྨྱུག་གི་ལམ་ནས་བྲིས་པའི་མ་ཕྱི་གཞིར་བཟུང་ཞིང་། དབུ་ཅན་ལག་བྲིས་ཀྱི་རྣམ་པ་དངོས་དང་མཚུངས་པའི་ཡིག་གཟུགས་ཤིག་ཡིན།

༣༽ བཀོལ་སྤྱོད་སྟབས་བདེ།
མཉེན་ཆས་འདི་ཉིད་གློག་ཀླད་ནང་སྒྲིག་འཇུག་ (Install) བྱ་རྒྱུ་ལས་སླ་ཞིང་། སྔར་གྱི་གནད་དོན་ཁག་ལ་ལེགས་བཅོས་གང་ལེགས་བྱས་ཡོད་པས་བེད་སྤྱོད་གཏོང་མཁན་ལ་དཀའ་ངལ་མེད་པར་སྔར་བས་སྟབས་བདེ་རུ་གྱུར་ཡོད།

བེད་སྤྱོད་བྱ་ཡུལ།

སྐར་ཁུང་མ་ལག་(windows)ཏུ་ནང་འཇུག་བྱེད་ཚུལ།

ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་(mac)དུ་ནང་འཇུག་བྱེད་ཚུལ།

ཡིག་ཆ་ཕབ་ལེན།
ཡིག་ཆའི་རིགས། PDF