ཡིག་གཟུགས་ངོ་སྤྲོད།
༡. གློག་ཀླད་བཀོལ་སྤྱོད་ལ་དམིགས་པའི་ཡིག་གཟུགས།
Monlam Uni Sans Serif: འདི་ནི་གློག་ཀླད་ཀྱི་བརྙན་ཡོལ་ངོས་དང་། ཡིག་ཆའི་མིང་། ཡིག་སྒམ་སོགས་ལ་དམིགས་ནས་བཟོས་པ་ཞིག་ཡིན། འདིའི་ཆེ་ཆུང་དབྱིན་ཡིག་དང་གཅིག་མཚུངས་ཡིན་པས་ལྟ་བདེ་ཞིང་། Windows XP སོགས་ཀྱི་ནང་བེད་སྤྱོད་གཏོང་བར་སྟབས་བདེ་ཤོས་དེ་ཡིན།
༢. དབུ་ཅན་ཡིག་གཟུགས་ཁག (དཔེ་སྐྲུན་དང་ཁ་བྱང་།)
Uniouchen1: མཚོ་སྔོན་གྱི་ལྕགས་པར་རྙིང་པ་གཞིར་བཟུང་སྟེ་བཟོས་པས་དཔེ་དེབ་དང་ཚགས་པར་སྒྲིག་སྦྱོར་ལ་ཤིན་ཏུ་འོས།
Uniouchen 2: སྲོལ་རྒྱུན་གྱི་བོད་དཔེ་སྣ་རིང་སྒྲིག་སྦྱོར་བྱེད་པར་དམིགས་ནས་བཟོས།
Uniouchen 3: དབུ་ཅན་གྱི་སྨྱུག་ཁ་བསྐོར་བའི་ཁྱད་ཆོས་མངོན་པར་གསལ་བས་ཁ་བྱང་སྣ་ཚོགས་འབྲི་བར་ཤིན་ཏུ་འོས།
Uniouchen 4 དང་ 5: བོད་ནང་གི་ལྕགས་པར་ཡིག་གཟུགས་ལ་དཔེ་བལྟས་ནས་བཟོས་ཤིང་། ཡིག་གཟུགས་ཆ་སྙོམས་པའི་ཁར་ཡིག་རྐང་སྦོམ་ཕྲ་རན་པས་ཁ་བྱང་སོགས་ལ་བེད་སྤྱོད་བཏང་ན་ལྷག་ཏུ་མཛེས།
༣. དབུ་མེད་ཡིག་གཟུགས་ཁག་བདུན།
ཚུགས་རིང་། འཁྱུག་མ་ཚུགས། འཁྱུག་ཡིག འབྲི་ཚ་དང་པོ། འདི་བཞི་ནི་ས་རཱ་མཐོ་སློབ་ཀྱི་དགེ་རྒན་ངག་དབང་རྡོ་རྗེ་ལགས་ཀྱི་བྲིས་རྒྱུན་ (རྩེ་སློབ་གྲྭའི་བྲིས་རྒྱུན་) གཞིར་བཟུང་ནས་བཟོས་པ་དང་། གཞན་རྣམས་ཀྱང་དེང་རབས་ཀྱི་མཛེས་ཆ་དང་མཐུན་པར་བཟོས་ཡོད།

སྨོན་ལམ་བོད་ཡིག་ ༣.༡ གི་ཁྱད་ཆོས།
༡. རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་དང་མཐུན་པ།
མཉེན་ཆས་འདིའི་ནང་ཡིག་གཟུགས་ཁག་ ༡༣ ཡོད་པ་ཐམས་ཅད་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ (Unicode) གཞིར་བཟུང་ནས་བཟོས་ཡོད། དེ་སྔོན་ཡིག་གཟུགས་འདི་རིགས་ཀྱིས་མཉེན་ཆས་གཞན་གྱི་ནང་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་བའི་ཕྱིར་དུ་འདིར་སྨོན་ལམ་བོད་ཡིག་གཉིས་པ་གཞིར་བཞག་ཐོག་བེད་སྤྱོད་གཏོང་ཆོག་པའི་ཁྱད་ཆོས་བསྣན་ཡོད།
༢. མཐེབ་གཞོང་གི་གདམ་ཀ་དང་བེད་སྤྱོད་སྟབས་བདེ།
བོད་ཕྱི་ནང་གཉིས་ཀའི་བེད་སྤྱོད་གཏོང་མཁན་གྱི་གོམས་གཤིས་དང་དགོས་མཁོ་ལ་གཞིགས་ནས། ཁྱབ་ཆེ་བའི་མཐེབ་གཞོང་མི་འདྲ་བ་བཞི་བཟོས་ཡོད་པས་རང་ཉིད་གང་ལ་གོམས་པ་དེ་ལྟར་བེད་སྤྱོད་གཏོང་ཆོག དེ་བཞིན་དཔེ་རིས་ལམ་ནས་མཐེབ་གཞོང་སོ་སོའི་འགྲོ་སྟངས་ཀྱང་གསལ་བཤད་བྱས་ཡོད་པས་རང་གི་དགོས་མཁོ་ལྟར་སྦྱོང་བརྡར་བྱེད་བདེ་བོ་ཡོད།
༣. ཡིག་གཟུགས་རྙིང་པ་བརྗེ་སྒྱུར།
རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་མིན་པའི་སྔོན་གྱི་ཡིག་གཟུགས་རྙིང་པ་མང་པོ་ཞིག་ UDP མཉེན་ཆས་བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པའི་ནང་བརྗེ་སྒྱུར་བྱེད་ཐུབ་པར་བཟོས་ཡོད། འདིས་སྔར་གྱི་ཡིག་ཆ་རྣམས་བསྐྱར་དུ་འབྲི་མི་དགོས་པར་གཅིག་གྱུར་ཨང་སྒྲིག་ཏུ་བསྒྱུར་བར་ཕན་ཐོགས་ཆེན་པོ་ཡོད།
༤. ཇུས་འགོད་དང་དཔེ་སྐྲུན་གྱི་ནུས་པ།
དེ་སྔོན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་བོད་ཡིག་གིས་དེབ་དང་དུས་དེབ་སོགས་ཇུས་འགོད་བྱེད་པར་དཀའ་ངལ་ཡོད་མོད། སྨོན་ལམ་ ༣.༡ འདི་ཆེད་ལས་ཇུས་འགོད་མཉེན་ཆས་ Adobe InDesign ནང་ལེགས་པར་བེད་སྤྱོད་གཏོང་ཐུབ་པས། དེང་རབས་དཔེ་སྐྲུན་གྱི་ལས་ཀར་སྟབས་བདེ་ཆགས་ཡོད།
༥. ཡིག་གཟུགས་ཀྱི་མཛེས་ཆ་དང་ཆེ་ཆུང་།
བོད་ཡིག་གི་ཡིག་གཟུགས་ཆེ་ཆུང་དེ་དབྱིན་ཡིག་དང་གཅིག་མཚུངས་ (Size matching) བཟོས་ཡོད་པས། བརྙན་ཡོལ་ཐོག་བོད་དབྱིན་ཤན་སྦྱར་གྱི་ཡིག་ཆ་སོགས་བཞག་ན་མཐོང་ལམ་དུ་ཆེ་ཆུང་རན་པོ་དང་མཛེས་པོ་ཡོང་ཐུབ།
༦. ཀུ་ཤུ་གློག་ཀླད་དང་མཐུན་པ།
ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་མ་ལག་གསར་ཤོས་ཁག་གི་ནང་བེད་སྤྱོད་གཏོང་ཐུབ་པར་མ་ཟད། ཡིག་ཆ་འཚོལ་བཤེར་དང་། གློག་འཕྲིན་སོགས་ཀྱི་ནང་བོད་ཡིག་རང་འདོད་ལྟར་བེད་སྤྱོད་གཏོང་བའི་ཆ་རྐྱེན་བསྐྲུན་ཡོད།