བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཕབ་ལེན།
བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་འདི་ཉིད་Windows 7 /win 8 /win 10 བཅས་ཀྱི་ནང་བཀོལ་སྤྱོད་ལེགས་པར་བྱ་ཐུབ། འཇུག་སྟངས་དང་བེད་སྤྱོད་གཏོང་སྟངས་མ་ཤེས་ན་རོགས་འདེགས་ནང་གཟིགས་རོགས་གནང་།
- གནས་རིམ།
-
ཐོན་རིམ། ༡.༠ ཚོད་ལྟ།
མིང་། བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག
འགྲེམ་སྤེལ་ཟླ་ཚེས། ༢༠༡༨/༡༢/༨
ཆེ་ཆུང་ཚད། 116.41 MB
- དགོས་གལ་ཆེ་བའི་མཐུན་རྐྱེན།
-
མཉེན་ཆས་འདི་སྒྲིག་འཇུག་བྱེད་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན།
༡ མ་ལག Windows 7/8/10 གང་རུང་ཡིན་དགོས་པ།
༢ གློག་ཀླད་ཀྱི་བརྙན་ཡོལ་ཚད་གཞི། Screen Resolution 1280 x 720 དང་ཡང་དེ་ཡན་ཡིན་དགོས།མཉེན་ཆས་བེད་སྤྱོད་གཏོང་བར་བོད་ཡིག་དང་འབྲེལ་བའི་མཉེན་ཆས་ནི། སྨོན་ལམ་བོད་ཡིག་གསུམ་པ། སྨོན་ལམ་ཚིག་མཛོད་ཆེན་མོ་དང་། དེ་མིན།
༣ microsoft net framework 4.5.2
༤ VisualBasicPowerPacksSetup
༥ Internet explorer 9 ཡང་ན་དེ་ཡན་གྱི་ཐོན་རིམ།
1. Windows 7 ཡིན་ཚེ་སྔོན་ལ་Net Frameword 4.5.2 ནང་འཇུག་བྱ་དགོས།
2. Internet Explorer 9 དང་དེ་ཡན་གྱི་ཐོན་རིམ་ངེས་པར་དགོས། དེ་མིན་པར་རིས་སོགས་ལེགས་པོ་འཆར་མི་ཐུབ། ཕབ་གནས་སྦྲེལ་ཐག Windows 7 32bit Windows 7 64bit
བཅས་ཀྱི་མཐུན་རྐྱེན་ངེས་པར་ཚང་དགོས། སྨོན་ལམ་བོད་ཡིག་གསུམ་པ། མེད་ཚེ་ཡིག་གཟུགས་ཆེ་ཆུང་ལེགས་པོ་འཆར་མི་ཐུབ། microsoft net framework 4.5.2 མེད་ན་མཉེན་ཆས་འདི་བེད་སྤྱོད་གཏོང་མི་ཐུབ། internet explorer 9 དང་དེ་ཡན་གྱི་ཐོན་རིམ་མེད་ན་པར་རིས་སོགས་ལེགས་པོ་འཆར་མི་ཐུབ།
- ནང་འཇུག་གི་རིམ་པ་ངོ་སྤྲོད།
-
བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ནང་འཇུག་བྱེད་པར་ཚང་དགོས་པའི་ཆ་རྐྱེན།
༡ མ་ལག Windows 7/8/10 གང་རུང་ཡིན་དགོས་པ།
༢ གློག་ཀླད་ཀྱི་བརྙན་ཡོལ་ཚད་གཞི། Screen Resolution 1280 x 720 དང་ཡང་དེ་ཡན་ཡིན་དགོས།
༣ སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་བྱས་ཟིན་པ།
ནང་འཇུག་བྱ་ཚུལ།
དང་པོར་དྲ་ལམ་ནས་ཕབ་ལེན་ཟིན་རྗེས་
ཁ་འབྱེད་དགོས།
1. Windows 7 ཡིན་ཚེ་སྔོན་ལ་Net Frameword 4.5.2 ནང་འཇུག་བྱ་དགོས།
2. Internet Explorer 9 དང་དེ་ཡན་གྱི་ཐོན་རིམ་ངེས་པར་དགོས། དེ་མིན་པར་རིས་སོགས་ལེགས་པོ་འཆར་མི་ཐུབ། ཕབ་གནས་སྦྲེལ་ཐག Windows 7 32bit Windows 7 64bit
དེ་ནས་
སྟེང་དུ་མནན་ནས་ནང་འཇུག་བྱ་དགོས། དེའི་རྗེས་གཤམ་གྱི་པར་རིས་ལྟར་མངོན་ཡོང་།
དེ་ནས་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ནང་འཇུག་ཅེས་པའི་མཉེན་སྒྲོག་ལ་མནན་ན་གཤམ་གྱི་པར་རིས་ལྟར་མངོན་ཡོང་།
དེའི་རྗེས་Next ཞེས་པར་མནན་ནས་རིམ་པ་བཞིན་Next ཞེས་པར་གནོན་དགོས།
མཐར་Close ཞེས་པར་མནན་དགོས། དེ་ནས་ནང་འཇུག་ལེགས་པར་གྲུབ་པ་ཡིན།
ཁྱེད་ཀྱི་གློག་ཀླད་བརྙན་ཡོལ་ངོས་དང་དཀར་ཆག་ནང་
Tibetan Library Management System ཞེས་པ་གནས་ཡོད། དེར་མནན་ན་རྩིས་གཞུང་སྒོ་འབྱེད་ཐུབ།
ཡང་ན་དཀར་ཆག་ནང་།
Tibetan Library Management System ཞེས་པ་དེ་ཡིན།
བེད་སྤྱོད་གཏོང་སྟངས་མཉེན་ཆས་ནང་དུ་ཡོད་པའི་དེར་གཟིགས་རོགས་གནང་།
- བརྙན་རིས་ལམ་ནས་ངོ་སྤྲོད་དང་བེད་སྤྱོད་གཏོང་སྟངས།
-
བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ངོ་སྤྲོད་དང་བེད་སྤྱོད་གཏོང་སྟངས་བཅས་བརྙན་རིས་ཁག་བཅུ་ཡོད་པ་གཟིགས་རྟོགས་གནང་ན་མཉེན་ཆས་བཀོལ་སྤྱོད་གཏོང་བར་ཕན་ཐོག་ཡོང་རེ་ཡོད།
༡ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། ངོ་སྤྲོད་མདོར་བསྡུས།
༢ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། བེད་སྤྱོད་གཏོང་སྟངས་དང་པོ།
༣ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། བེད་སྤྱོད་གཏོང་སྟངས་གཉིས་པ།
༤ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། དཀར་ཆག་ནང་འཇུག་དང་པོ།
༥ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། དཀར་ཆག་ནང་འཇུག་གཉིས་པ།
༦ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། རྩོམ་སྒྲིག་རིམ་པ་བྱེ་བྲག་དུ་བཤད་པ།
༧ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། འཚོལ་བཤེར་གྱི་རིམ་པ།
༨ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། གཡར་ལེན་དང་བདག་སྐྱོང་།
༩ བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། མཁོ་སྒྲུབ་དང་དཔེ་ཆ་བཙོང་བ།