བོད་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཚ་ཡོད་མཁན་སྤྱི་དང་། ཡང་སྒོས་རིག་གནས་ཆུང་བ་ལྔའི་ནང་ཚན་གྱི་འབྱུང་རྩིས་རིག་པ་ལ་དོ་སྣང་གནང་མཁན་རྣམ་པར་ཆེད་གསོལ།ཕ་མེས་ནས་བརྒྱུད་དེ་འོངས་པའི་རིག་པའི་གནས་བཅུས་མཚོན་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རིག་གནས་ཁག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་སླད། ཡུལ་དུས་གནས་སྐབས་དང་མཐུན་པའི་སྐྱེ་འགྲོའི་ཕན་བདེར་དམིགས་ནས་ལས་སུ་བྱ་བར་འཇུག་དགོས་པ་དུས་རབས་འདིས་འོ་སྐོལ་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཅི་ལ་མིན། དེར་བརྟེན་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལོ་མང་རིང་བོད་ཀྱི་ཆོས་ད