Loading...

སྨོན་ལམ་ཐུན་མོང་སྐད་གདངས་མཉེན་ཆས་ངོ་སྤྲོད།

སྨོན་ལམ་ཐུན་མོང་སྐད་གདངས་ངོ་སྤྲོད་མདོར་བསྡུས།

སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་ནི། བོད་ཕྱི་ནང་གཉིས་སུ་བསམ་ཚུལ་བསྡུ་ལེན་བྱས་མཐར། དབུས་སྐད་ཀྱི་སྒྲ་གདངས་གཞིར་བཞག་བྱས་ཤིང་། གཙོ་བོ་ཡི་གེ་སོ་སོའི་སྐྱེ་གནས་དང་། བྱེད་པ། བརྗོད་ཚུལ། ཕོ་མོ་མ་ནིང་སོགས་གང་དུ་གཏོགས་པ་བཅས་ཀྱི་ངོས་འཛིན་གསལ་བ་དང་། ཡིག་སྐད་གཙོར་བཟུང་ཐོག་ཡུལ་སྐད་དུ་དར་སོ་ཆེ་རིགས་ཟུར་འདོན་གྱིས། མིང་རྐྱང་དང་ཚིག་གྲུབ་བཅས་ཡིག་སྐད་ཐོག་བཀོད་ཡོད། ཡ་རབས་ཀྱི་ཁྱད་ཆོས་མཚོན་བྱེད་བོད་སྐད་ཀྱི་ཞེ་སའི་སྐོར་ཡིག་སྐད་དང་ཡུལ་སྐད་གཉིས་ཀའི་ཐོག་བཀོད་པ་དང་། ཚིག་ལྷུག་དང་ཚིགས་བཅད། གཏམ་བཤད་བྱེད་སྟངས་སོགས་བོད་རང་གི་ཁྱད་ཆོས་ལྡན་པར་བཀོད་ཡོད། སྒྲ་གདངས་ཁུངས་གཏུགས་ཡུལ་ནི། ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་བྱིས་འཇུག་དང་། གསེར་ཏོག་སུམ་རྟགས་ཀྱི་སྐྱེ་གནས་དང་སྔོན་རྗེས་ཀྱི་སྒྲའི་འཇུག་ཚུལ་གཞིར་བཞག་སྟེ། རང་ཉིད་ཀྱིས་ཀྱང་དཔག་ཚོད་ཀྱིས་ཡི་གེའི་སྒྲ་གདངས་ལ་བརྟག་དཔྱད་གཟབ་ནན་བྱས་པ་དང་། ཤེས་ལྡན་པ་རྣམས་ལ་གྲོས་བསྡུར་ཡང་ཡང་བྱས་ཏེ། མགོ་འདོགས་ཅན་རྣམས་ལ་ཡང་སྒྲ་གདངས་དང་སྐྱེ་གནས་སོགས་གཏན་འཁེལ་བྱས་ཡོད། འོན་ཀྱང་དེ་སྔ་སུས་ཀྱང་རྣམ་གཞག་ཆ་ཚང་བ་ཞིག་གཏན་འཁེལ་བྱས་མ་མྱོང་སྟབས་དཔྱད་གཞི་ཧ་ཅང་ཉུང་བ་དང་། ཁོ་བོ་ལ་ཡང་སྐྱེས་སྦྱངས་ཀྱི་ཤེས་རབ་ཞན་པས་གནད་འགག་ཧ་ཅང་ཆེ་བའི་གནས་འདི་འདྲ་ལ་ནོར་འཕྱུག་དང་། ཆད་ལྷག་གི་སྐྱོན་ཡོད་ངེས་རེད། མུ་མཐུད་དུ་ཡར་རྒྱས་གཏོང་རྩིས་ཡོད།

ཁྱེད་ཀྱི་གློག་ཀླད་ལ་ཚང་དགོས་བའི་ཆ་རྐྱེན།

མཉེན་ཆས་འདི་སྒྲིག་འཇུག་བྱེད་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན།
སྨོན་ལམ་ཐུན་མོང་སྐད་གདངས་མཉེན་ཆས་ཁྱེད་ཀྱི་གློག་ཀླད་ནང་དུ་སྒྲིག་འཇུག་བྱེད་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ནི།
ཁྱེད་ཀྱི་གློག་ཀླད་མ་ལག Windows XP. Service Pack2/Windows Vista/Windows 7/8/10

སྨོན་ལམ་ཐུན་མོང་སྐད་གདངས་མཉེན་ཆས་ནང་འཇུག་བྱ་ཚུལ།

སྨོན་ལམ་སྐད་གདངས་མཉེན་ཆས་ནང་འཇུག་ངོ་སྤྲོད།

འདི་ནས་སྐད་གདངས་མཉེན་ཆས་ཀྱི་སྟེང་ལ་མདའ་རྩེ་བཞག་ནས་ནོན་དང་ནང་འཇུག་གི་བྱ་བ་འགོ་འཛུགས་ངེས།

འདིར་ཅུང་ཙམ་སྒུགས་དང་ནང་འཇུག་བྱ་བ་རང་འགུལ་གྱིས་འགོ་འཛུགས་ངེས།

འདིར་ཁྱོད་ལ་འདེམས་ཀ་གསུམ་ཡོད།  དང་པོ་དེ་ཁྱོད་ཀྱི་གློག་ཀླད་ནང་ Adobe Flash Player ནང་འཇུག་བྱེད་གནས་ཡིན་ལ། དེ་ནི་ད་སྐབས་ཀྱི་གློག་ཀླད་ལ་མཚོན་ན་ཧ་ཅང་གལ་ཆེན་མིན། རྒྱུ་མཚན་གློག་ཀླད་གསར་བ་ཡིན་ཚེ་ཡོད་ཡོད་པ་ལྟ་བུ་ཡིན་པས་ངོ་སྤྲོད་བྱེད་རྒྱུ་མིན། གལ་སྲིད་དགོས་ཚེ་དེ་ནས་ནོན་ལ་ནང་འཇུག་བྱོས་དང་ཆོག  གཉིས་པ་ཁྱོད་ཀྱི་སྐད་གདངས་མཉེན་ཆས་ནང་འཇུག་དགོས་ན་དེར་མདའ་རྩེས་ནོན་ལ་ནང་འཇུག་བྱོས།  གསུམ་པ་མཉེན་ཆས་ནང་འཇུག་མ་བྱས་པར་ཁ་ཐུག་སྒོ་ཕྱེ་རྒྱུ་ཡིན་པས་དེའི་ངོ་སྤྲོད་གཞན་དུ་བྱས་ཡོད་པས་དེར་གཟིགས།

འདིར་མནན་ནས་ནང་འཇུག་བྱེད་དགོས།

འདིར་ནང་འཇུག་བྱེད་རྒྱུ་དང་ལེན་བྱེད་པའི་བརྡ་ཡིན་པས་ Yes ཟེར་བ་ནས་མནན་ནས་ནང་འཇུག་འགོ་འཛུགས་བྱེད་དགོས།

ནང་འཇུག་འགོ་བཙུགས་ཟིན་པས་ཅུང་ཙམ་བསྒུག་དགོས།

དེ་ནས་ Next ཟེར་བར་ནོན་ལ་མུ་མཐུད་ནང་འཇུག་བྱོས།

མུ་མཐུད་ Next མནན་ནས་ནང་འཇུག་བྱེད་དགོས།

འདིར་ Install ཟེར་བ་དེ་ནས་ནོན་ལ་ནང་འཇུག་བྱོས།

འདིར་ Cancel ཟེར་བ་མནན་ནས་མཚམས་འཇོག་མ་བྱས་པར་ཅུང་ཙམ་བསྒུག་དགོས།

ད་ནི་ནང་འཇུག་ལེགས་པར་གྲུབ་པ་ཡིན་པས་ Finish ཟེར་བ་དེ་ནས་ནོན་ལ་རྒྱབ་ལྗོངས་ཀྱི་སྒོ་བརྒྱབ་པས་འཐུས་སོ། 

བེད་སྤྱོད་གཏོང་ཚུལ།

སྨོན་ལམ་སྐད་གདངས་མཉེན་ཆས་བེད་སྤྱོད་ཀྱི་རིམ་པ་ནི་འོད་སྡེར་ནང་ཁ་ཐུག་བེད་སྤྱོད་དང་ནང་འཇུག་བྱས་ནས་བེད་སྤྱོད་ལ་ཁྱད་པར་ཆེན་པོ་མེད་པས་ངོ་སྤྲོད་གཅིག་གིས་འཐུས་པ་བྱེད་རྒྱུ་ཡིན།

འདིར་འོད་སྡེར་ནས་ཁ་འབྱེད་པ་ཟེར་བ་ནས་ནོན་དང་ནང་འཇུག་བྱེད་མི་དགོས་པར་བེད་སྤྱོད་བྱེད་ཐུབ།

འདིར་སྐད་གདངས་ལ་ཕོ་སྐད་དང་མོ་སྐད་གཉིས་ཡོད་པས་གང་ལ་ཉན་འདོད་ཚེ་དེའི་སྟེང་ནས་གནོན་དགོས།

སྒོ་འབྱེད་པར་ཅུང་ཙམ་བསྒུག་དགོས།

འདིར་ནོན་ཟེར་བ་དེ་ནས་ནོན།

མུ་མཐུད་དུ་ཟེར་བ་ནས་ནོན།

གོང་གི་ཡི་གེ་སྤྱིར་བཤད་པ་སོགས་དཀར་ཆག་ནང་ཡོད་པ་བཞིན་རེ་རེ་ངོ་སྤྲོད་བྱས་ཚེ་ཉོག་ཆེ་བས་གཅིག་གཉིས་ཙམ་ངོ་སྤྲོད་བྱས་ན། ཡི་གེ་སྤྱིར་བཤད་པ་ལྟ་བུ་མནན་ནས་ནང་ལ་སོང་། དེར་ཡང་དཀར་ཆག་མ་འདྲ་བ་མང་།

དེ་ན་འདི་ལྟ་བུ་ཡི་གེ་སྐྱེ་གནས་ཀྱི་རིམ་ལ་རེ་རེ་མདའ་རྩེས་མནན་ན་རང་རང་གི་དཔེ་རིས་ལ་ལྟ་ཐུབ།

དེ་ནས་སྔོན་འཇུག་རྗེས་འཇུག་ཀློག་དཀའ་བ་དང་ནོར་སླ་བ་སོགས་ཟེར་བ་རེ་རེ་ནས་བེད་སྤྱོད་བྱས་ཆོག དཔེར་ན་སྔོན་འཇུག་གི་སྒྲའི་འཇུག་ཚུལ་ལྟ་བུ་ལས་བཀྱེ་ཟེར་བ་ལྟ་བུ་ལ་མདའ་རྩེ་ནོན་དང་སྒྲ་གདངས་གང་ཡིན་བཀླག་ཡོང་ངེས།

གཞན་ཡང་ཚིག་གྲུབ་ལྟ་བུ་ལས་ཐོག་མའི་མཇལ་འཕྲད་སྐབས། ཟ་ཁང་དང་མགྲོན་ཁང་། སློབ་གྲྭར་བསྐྱོད་པ་དང་མཆོད་མཇལ། སྨན་ཁང་སོགས་ཀྱི་ནང་ཕེབས་སྐབས་ཀྱི་སྤྱིར་བཏང་གི་སྐད་ཆ་སོགས་ལས་ཀྱང་རེ་རེའི་ནང་དུ་སོང་ནས་མནན་ཚེ་སྐད་གདངས་ཡོད། གོང་གི་འདི་ནི་དཔེ་མཚོན་ཙམ་ཡིན། གཙོ་བོ་རང་ཉིད་ཀྱིས་ག་ལེར་བེད་སྤྱོད་བྱས་ན་ཤེས་ངེས།