Loading...

སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་རོགས་འདེགས་ཡིག་ཆ།

སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་མདོར་བསྡུས།

སྨོན་ལམ་ཚིག་མཛོད་ཆེན་མོ་ནི། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་དང་བཟོ་སྐྲུན་བྱེད་བཞིན་པའི་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བཀོལ་སྤྱོད་ཡོད་པའི་མཉེན་ཆས་ཅན་གྱི་བོད་ཡིག་ཚིག་མཛོད་ཅིག་ཡིན། བོད་རང་གི་སྔར་ཡོད་ཚིག་མཛོད་ཁག་གི་ལེགས་ཆ་རྒྱུན་འཛིན་ཐོག དེང་དུས་ཀྱི་མི་རིགས་གཞན་གྱི་ཚིག་མཛོད་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་དེ་སྔ་ལས་ཆ་ཚང་ཞིང་ཡང་དག་པའི་ཚིག་མཛོད་ཅིག་ཡིན།  ཚིག་མཛོད་འདི་མ་ཚིག་ཆིག་འབུམ་ལྷག་གིས་གྲུབ་པའི་བོད་ཡིག་ཚིག་མཛོད་རྒྱ་ཆེ་ཤོས་ཤིག་ཡིན། སྒྲིག་སྟངས་ཐད་ནས་ཀྱང་ཚིག་མཛོད་གཞུང་ལུགས་དང་མཐུན་པའི་འཐུས་སྒོ་ཚང་ཤོས་ཡིན་པ་མ་ཟད། འདི་ནི་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་འཆར་གྱི་སུམ་ཆ་གཅིག་ཙམ་ཡིན། ཚིག་མཛོད་འདིར་རྩོམ་སྒྲིག་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་གྱིས་རྩོམ་སྒྲིག་བྱེད་བཞིན་པ་མ་ཟད། རྩོམ་སྒྲིག་ཚོགས་ཆུང་སུམ་ཅུ་སོ་གསུམ་ཙམ་ཡོད། ཆོས་ལུགས་དང་རིག་གཞུང་སྡེ་ཚན་ཁག་གི་མཉམ་ལས་རྒྱ་ཆེ་བ་ཞིག་ཀྱང་ཡིན།
འགྲེམས་སྤེལ་བྱས་ཟིན་པ་མུ་མཐུད་ནས་བསྐྱར་བཅོས་དང་། མ་ཚིག་གསར་པར་ཁ་སྣོན་བྱེད་བཞིན་ཡོད། རྩ་བའི་ཐོན་རིམ་ཁག་གསུམ་ལས་འདི་ནི་དང་པོ་ཡིན།
བཀོལ་སྤྱོད་བྱ་ཡུལ།  Windows 7/8/10 བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཐོན་རིམ། དང་པོ།

ཁྱེད་ཀྱི་གློག་ཀླད་ལ་ཚང་དགོས་བའི་ཆ་རྐྱེན།

སྨོན་ལམ་ཚིག་མཛོད་ཆེན་མོ་གློག་ཀླད་མ་ལག Windows ནང་དུ་ནང་འཇུག་བྱེད་མ་ཐུབ་པའམ། ཡང་ན་ཁ་འབྱེད་མ་ཐུབ་ཚེ་གཤམ་གསལ་དྲ་ཐག་ནས་མཉེན་ཆས་དེ་ཕབ་ལེན་བྱས་ཏེ་ནང་འཇུག་བྱེད་དགོས། 
Microsoft .NET Framework 4 Full Language Pack (x86 x64)  

སྨོན་མ་ཚིག་མཛོད་ ༡.༡ བེད་སྤྱོད་གཏོང་གི་ཡོད་ཚེ་གོང་གི་དཀའ་ངལ་མི་འབྱུང་། 

སྨོན་ལམ་ཚིག་མཛོད་ཆེན་མོ་ནང་འཇུག་བྱ་ཚུལ།

1. ཐོག་མར་མཉེན་ཆས་ Zips གྱིས་བསྡམས་ཡོད་པ་དེ་གཏོར་དགོས།  མདའ་རྩེ་ Monlam Grand Tibetan Dictionary for Windows ཞེས་པའི་གསར་དུ་ཕབ་ལེན་བྱས་པའི་སྒམ་དེའི་སྒང་ལ་བཞག་ནས་གཡོན་མ་མནན་ཏེ་དཀར་ཆག་ལས་སྡེ་ཚན་བཞི་པ་  Extract Here ཟེར་བ་དེར་ནོན་དང་ཁྱོད་ཀྱི་མཉེན་ཆས་Zips ལས་གཏོར་ཡོང་།

000.jpg

2. Zips ལས་གཏོར་བཞིན་པ་ཡིན།

002.png

3. དེ་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་Monlam Grand Tibetan Dictionary for Windows ་ཞེས་རྟགས་སྔོན་པོ་ཅན་དེ་སྡེབ་གནོན་བྱོས་དང་ནང་འཇུག་གི་རིམ་པ་འགོ་འཛུགས་བྱ་ཡོང་།

001.jpg

4. དེ་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་ནང་འཇུག་ཟེར་བར་སྡེབ་གནོན་བྱེད་དགོས།

 ​          005.jpg 

5. ནང་འཇུག་གི་རིམ་པ་འགོ་ཚུགས་པ་དང་སྣེ་ལྟར་Next དང་ Yes བྱོས་དང་ནང་འཇུག་གི་རིམ་པར་ནོར་འཁྲུལ་གང་ཡང་མེད་པར་ཁྱོད་ཀྱི་གློག་ཀླད་ནས་རང་འགུལ་གྱིས་གོ་རིམ་ལྟར་སྒྲིག་ཡོང་ངེས་ཡིན་པས།  དེ་ལ་ཁྱོད་ཀྱིས་གདམས་ཀ་སོགས་གང་ཡང་མི་དགོས།

           006.jpg

6. Installation Complete ཟེར་བ་དེ་Close ནང་འཇུག་མཉེན་ཆས་སྒོ་རྒྱོབ་དང་ནང་འཇུག་རིམ་པ་གྲུབ་པ་ཡིན།

          010.jpg

7. གློག་ཀླད་འཆར་ངོས་དང་དཀར་ཆག་ནང་དུ་Monlam Grand Tibetan Dictionary ཞེས་པ་ཡོད་པས་དེར་མནན་ནས་བེད་སྤྱོད་གཏོང་རོགས།

          

 

 

 

བེད་སྤྱོད་གཏོང་ཚུལ།

ཁྱོད་ཀྱིས་ནང་འཇུག་གི་རིམ་པ་གྲུབ་པ་དང་།  Start དཀར་ཆག་ནང་སོང་།  Monlam Grand Tibetan Dictionary ཟེར་བ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལག་རྟགས་སྡེབ་ནོན་བྱོས་དང་ཁ་ཕྱེ་ཡོང་། 

tsak 00.jpg

སྨོན་ལམ་ཚིག་མཛོད་ཆེན་མོའི་མ་ལག་སྤྱོད་སྒོ་དག་གི་ངོ་སྤྲོད།

03.jpg

གོང་དུ་སྤྱོད་སྒོ་ཆེ་བའི་སྡེ་ཚན་དྲུག་ཡོད་པ་ལས།
1. དང་པོ་སྒོ་རྒྱག་པ།
2. དཔེ་རིས་གཟིགས་གནས།
3. ལོ་རྒྱུས་དང་ལོ་ཚིགས་འཚོལ་གནས།
4. རྒྱུན་ཤེས་སྐོར་འཚོལ་གནས། རྒྱུན་ཤེས་འཚོལ་གནས་སུ་ཕྲད་ལྟོས་པ་ཅན་གྱི་རེའུ་མིག ཡི་གེའི་སྐྱེ་གནས། ཡི་གེའི་ཕོ་མོ་མ་ནིང་། ཟླ་བ་དང་སྐར་ཁྱིམ་གྱི་མིང་གི་རེའུ་མིག ཚེས་ཀྱི་མིང་གི་རེའུ་མིག། དུས་གཟེར་ཉེར་བཞིའི་རེའུ་མིག གཉེན་ཚན་ནང་འབྲེལ་སོགས་རེའུ་མིག་སོགས་ཡོད།
5. ཚིག་མཛོད་ཆེན་མོ་དང་འབྲེལ་བའི་ངོ་སྤྲོད་ཁག་སྣ་ཚོགས་ལ་གཟིགས་གནས་ཡིན། འདིར་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པའི་གཏམ། སྨོན་ལམ་ཚིག་མཛོད་ཆེན་མོའི་ངོ་སྤྲོད་གནད་བསྡུས། བེད་སྤྱོད་གཏོང་ཕྱོགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། རྩོམ་སྒྲིག་སྡེ་ཚན་ཁག་དང་མཇུག་གི་གཏམ་སོགས་རྒྱས་པར་ངོ་སྤྲོད་ཀྱི་རིམ་པ་ཡོད་པས་དེར་གཟིགས་རོགས་ཞུ།
6. ཡིག་ཟམ་བརྒྱུད་ནས་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་དགེ་སྐྱོན་གང་ཡོད་བསམ་ཚུལ་འབུལ་གནས་ཡིན། སྨོན་ལམ་ཚིག་མཛོད་ཆེན་མོ་ནི་འུ་ཅག་ཐུན་མོང་གི་ལས་གཞི་ཞིག་ཡིན་ལ།  ཐོག་མའི་གསར་གཏོད་བྱས་པ་ཞིག་ཡིན་པས་དེ་ལ་དགེ་སྐྱོན་ཅི་ཡོད་གླེང་རྒྱུ་ནི་ཐུན་མོང་གི་སྤྱི་སྐལ་ལ་བཞག་ཡོད། ཚིག་མཛོད་འདིར་སྐྱོན་གང་ཡོད་མང་མོས་ཀྱིས་བསམ་ཚུལ་གང་མང་འབུལ་རྒྱུའི་རེ་བ་ཆེ།
སྨོན་ལམ་ཚོག་མཛོད་ཆེན་མོ་བེད་སྤྱོད་གཏོང་སྟངས་ཀྱི་རིམ་པ་ནི། ཚིག་མཛོད་ཆེན་མོ་འདི་ཉིད་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པ་ལས་དཔེ་མཚོན་ཙམ་ངོ་སྤྲོད་བྱས་ན།  དཔེར་ན་ལོ་རྒྱུས་ལོ་ཚིགས་ནང་(མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས) ཞེས་པ་ལྟ་བུ་ཞིག་འཚོལ་ཚེ།  དེ་ནི་རབ་བྱུང་སྒོ་ནས་འཚོལ་བ་དང་ཕྱི་ལོ།  མིང་ཚིག་གསུམ་ཀྱི་སྒོ་ནས་འཚོལ་ཐུབ་ལ།  ལོ་ཚིགས་དེ་དང་འབྲེལ་བའི་ལོ་རྒྱུས་གཞན་དག་ཀྱང་སྔོག་ཐུབ།  རབ་བྱུང་ལྕགས་སྟག་ལོ་ལྟ་བུ།  རབ་བྱུང་ནི། ལྕགས་སྟག་ལོ་དང་། ཕྱི་ལོ་ 810  མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་པ་དང་།  དེ་དང་འབྲེལ་བའི་ལོ་རྒྱུས་གཞན། རྒྱས་བཤད་དུ། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས། བསམ་ཡས་ཀྱི་རྨང་བཏིང་ཞེས་བ་རིའི་ཆོས་འབྱུང་དུ་གསལ་བ་ལྟརྲ དེ་དང་འབྲེལ་བའི་བསམ་ཡས་ལ་རྨང་བཏིང་བ་མཚོན་པའི་ལོ་རྒྱུས་གཞན་དག་དེ་ལྟར་འཚོལ་ཐུབ། འདི་ནི་དཔེ་མཚོན་ཙམ་ཞུས་པ་ཡིན། རྒྱས་པ་ཚིག་མཛོད་ལས་ཤེས།
དང་པོ།

04.jpg

གཉིས་པ།

tsak 02.jpg 

གཞན་ཡང་ཚིག་གིས་དམིགས་བསལ་མཚོན་ཐུབ་ཀྱི་འགྲེལ་བཤད་ཙམ་མ་ཡིན་པར།  དཔེ་རིས་ཀྱི་སྒོ་ནས་ཀྱང་ངོ་སྤྲོད་ཡོད།

01.JPG

དཔེ་རིས་ལ་གཟིགས་ཞེས་པ་དེ་ནས་སྡེབ་གནོན་བྱོས་དང་། དཔེ་རིས་འཆར།

02.JPG

 

ངོ་སྤྲོད་མདོར་བསྡུས།

སྨོན་ལམ་ཚིག་མཛོད་ཆེན་མོ་ནི། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་དང་བཟོ་སྐྲུན་བྱེད་བཞིན་པའི་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བཀོལ་སྤྱོད་ཡོད་པའི་མཉེན་ཆས་ཅན་གྱི་བོད་ཡིག་ཚིག་མཛོད་ཅིག་ཡིན། བོད་རང་གི་སྔར་ཡོད་ཚིག་མཛོད་ཁག་གི་ལེགས་ཆ་རྒྱུན་འཛིན་ཐོག དེང་དུས་ཀྱི་མི་རིགས་གཞན་གྱི་ཚིག་མཛོད་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་དེ་སྔ་ལས་ཆ་ཚང་ཞིང་ཡང་དག་པའི་ཚིག་མཛོད་ཅིག་ཡིན།  ཚིག་མཛོད་འདི་མ་ཚིག་ཆིག་འབུམ་ལྷག་གིས་གྲུབ་པའི་བོད་ཡིག་ཚིག་མཛོད་རྒྱ་ཆེ་ཤོས་ཤིག་ཡིན། སྒྲིག་སྟངས་ཐད་ནས་ཀྱང་ཚིག་མཛོད་གཞུང་ལུགས་དང་མཐུན་པའི་འཐུས་སྒོ་ཚང་ཤོས་ཡིན་པ་དང་། འདི་ནི་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་འཆར་གྱི་སུམ་ཆ་གཅིག་ཙམ་ཡིན། ཚིག་མཛོད་འདིར་རྩོམ་སྒྲིག་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་གྱིས་རྩོམ་སྒྲིག་བྱེད་བཞིན་པ་མ་ཟད་རྩོམ་སྒྲིག་ཚོགས་ཆུང་སུམ་ཅུ་སོ་གསུམ་ཙམ་ཡོད། ཆོས་ལུགས་རིག་གཞུང་གི་མཉམ་ལས་རྒྱ་ཆེ་བ་ཞིག་ཡིན།
འགྲེམས་སྤེལ་བྱས་ཟིན་པ་མུ་མཐུད་ནས་བསྐྱར་བཅོས་དང་། མ་ཚིག་གསར་པ་ཁ་སྣོན་བྱེད་བཞིན་ཡོད། རྩ་བའི་ཐོན་རིམ་ཁག་གསུམ་ལས་འདི་ནི་དང་པོ་ཡིན།
བཀོལ་སྤྱོད་བྱ་ཡུལ།  OS X 10.6 ཡན་གྱི་ཐོན་རིམ་ནང་བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཐོན་རིམ། དང་པོ།

དགོས་ངེས་ཀྱི་ཆ་རྐྱེན།

ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་མཉེན་ཆས་ཅི་ཞིག་ནང་འཇུག་བྱས་ཀྱང་ཐོག་མར་དེའི་ནང་དུ་མཉེན་ཆས་ནང་འཇུག་བྱེད་ཆོག་མིན་གྱི་ཁེ་དབང་བེད་སྤྱོད་བྱེད་པ་ལ་དགོངས་ཁྲོལ་དགོས་པ་ཡིན། དེའི་ཕྱིར་ཁྱོད་ཀྱི་གློག་ཀླད་ནང་མཉེན་ཆས་ནང་འཇུག་བྱེད་མི་ཐུབ་ཚེ།  གཤམ་གྱི་དཔེ་རིས་ལ་གཟིགས་ནས་སྒོ་འབྱེད་དང་ལེན་བྱེད་དགོས།

el capitan security privacy system pref general

གལ་ཏེ་ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ཕབ་གནས་ Mac App Store ནང་ནས་་གསར་བ་ཕབ་ལེན་བྱས་ཚེ་འདི་དག་ལ་དང་ལེན་སོགས་བྱེད་མི་དགོས་ཀྱང་དྲ་ཚིགས་གཞན་ནས་ཕབ་ལེན་དང་། ཡང་ན་འོད་སྡེར་འཐེབ་སྡེར་སོགས་ལས་ནང་འཇུག་བྱས་ཚེ་མཉེན་ཆས་གློག་ཀླད་དོ་དམ་སྒྲིག་གཅོད་བསྟི་གནས་  System Preferences > Security & Privacy ཟེར་བ་དེའི་ནང་སོང་ནས་གང་ཡང་ནང་འཇུག་བྱ་ཆོག་པའི་ཆོག་མཆན་ Anyway  ཟེར་བ་དེ་འདེམས་དགོས། 

sierra security privacy system pref general

འདི་ནི་སྒོ་འབྱེད་བྱས་ཟིན་པའི་དཔེ་རིས་རེད།

sierra open app contextual

དཔེར་ན། ཁྱོད་ཀྱིས་མཉེན་ཆས་ཤིག་ནང་འཇུག་བྱེད་ཚེ། འདི་ལྟར་སྒོ་ཕྱེ་བ་དང་། བརྡ་གསར་བ་ཞིག་སླེབས་པས་གཤམ་ལ་གཟིགས།

sierra open unapproved app

འདི་ནི་ཁྱོད་ཀྱི་མཉེན་ཆས་དེ་ནང་འཇུག་བྱེད་མི་ཐུབ་པའི་བརྡ་ཡིན། དེར་ Open ནས་མནན་ཡང་ནང་འཇུག་བྱེད་མི་ཐུབ་པས་གཤམ་ལ་གཟིགས།

sierra handbrake stop launch

འདི་ནི་ཁྱོད་ཀྱིས་མཉེན་ཆས་དེ་ནང་འཇུག་བྱེད་པའི་ཚད་བཀག་ཡོད་པས་བརྡ་ཡིན་པས་དཔེ་རིས་གཤམ་ལ་གཟིགས། དེ་ནས་ཁྱོད་ཀྱིས་གློག་ཀླད་ཀྱི་སྤྱིར་བཏང་དཀར་ཆག་ཆེ་བ་ Menu ནང་སོང་ལ་དེ་ནས་རྩ་བའི་སྒྲིག་གཅོད་ System Preferences ཟེར་བ་དེར་སོང་། དེ་ནས་དོ་དམ་སྒྲིག་གཅོད་བསྟི་གནས་སམ་ Security & Privacy icon ་ཟེར་བ་དེ་ནས་ནོན། གཤམ་གྱི་དཔེ་རིས་ནང་ལྟར་གཟིགས་རོགས།  sierra system pref security highlight

འདི་ནས་སྒོ་བླངས་པ་དང་གཤམ་ལ་གཟིགས།

sierra security privacy open anyway

དེ་ནས་ཁྱོད་ཀྱིས་ App Store and identified developers ལ་རྟགས་བརྒྱབ་ནས་ཕར་ཕྱོགས་ནས་ Open Anyway ཟེར་བ་དེར་ནོན་དང་འགྲིག་པ་ཡིན།

ནང་འཇུག་བྱ་ཚུལ།

ཀུ་ཤུ་གློག་ཀླད་མ་ལག་ནང་འཇུག་ཚུལ་གཤམ་གསལ་པར་རིས་གཞིར་བཟུང་གིས་འཇུག་རོགས།

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.15.38%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.15.50%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.16.04%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.16.18%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.16.24%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.16.40%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.16.47%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.16.56%20PM.png

 http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.17.07%20PM.png 

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.17.12%20PM.png

འདི་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་ནང་འཇུག་གྲུབ་པ་ཡིན། བེད་སྤྱོད་གཏོང་སྟངས་ལ་གཟིགས་རོགས་ཞུ།

 

བེད་སྤྱོད་གཏོང་ཚུལ།

དང་པོ་འདིར་དཀར་ཆག་ལས་Launchpad ཟེར་བ་དེའི་ནང་སོང་།  དེ་ནས་Dictioanry ཟེར་བའི་ཚིག་མཛོད་དམར་པོ་དེ་མར་དྲུད་ནས་གཤམ་གྱི་དཀར་ཆག་་སྟེང་ལ་ཞོག 

http://www.lobsangmonlam.org/monlamit2016/sites/default/files/2016/2016files/3-7-2016%206-22-45%20PMb.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.17.26%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.17.36%20PM.png

དེ་ནས་Dictionary ཚིག་མཛོད་དམར་པོ་དེའི་སྟེང་རྡེབ་གནོན་བྱོས་དང་ཚིག་མཛོད་སྒོ་ཕྱེ་ཡོང་།

དེ་ནས་སྒང་གི་དཀར་ཆག་ལས་ཚིག་མཛོད་ Dictionary ཟེར་ན་དེ་ནས་རྡེབ་གནོན་བྱོས། དེའི་དཀར་ཆག་ནང་ནས་ Preferences ཟེར་བ་དེར་ནོན།  དཔེ་རིས་བཅོ་བརྒྱད་པ་དང་བཅུ་དགུ་པར་གཟིགས། Preferences ཟེར་བ་དེའི་ནང་ལྟོས་དང་སྨོན་ལམ་ཚིག་མཛོད་ཆེན་མོ། Monlam Grand Tibetan Dictionary ཟེར་བ་དེར་རྟགས་རྒྱག་དགོས།  རྟགས་རྒྱབ་པ་དང་ཡར་འཐེན་ལ་སྒང་ལ་འཇོག་དགོས། དཔེ་རིས་ཉི་ཤུ་བ་དང་ཉེར་གཅིག་པར་གཟིགས། དེ་ལྟར་གཤམ་གྱི་ཚིག་མཛོད་ཀྱི་རྟགས་དེ་ཚོ་ལ་འདྲིག་རྟགས་རྒྱག་དགོས། དེ་ནས་ཡར་འདེམས་ན་འགྲིག་པ་ཡིན།

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.17.56%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.18.02%20PM.png

 http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.18.52%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.19.10%20PM.png

http://www.lobsangmonlam.org/monlamit2016/sites/default/files/2016/2016files/Screen%20Shot%202016-03-07%20at%205.19.18%20PM.png

སྨོན་ལམ་ཚིག་མཛོད་ཆེན་མོ་ iOS མ་ལག་ཀུ་ཤུ་ཁ་པར་སོགས་ལ་ཕབ་གནས།

ཐོན་རིམ། ༡   ཆེ་ཆུང་ཚད། 85.1 MB མིང་། སྨོན་ལམ་ཚིག་མཛོད་ཆེན་མོ། ཕབ་ལེན་་་

ཨན་ཌོཡེ་ཌི་མ་ལག་ནང་གནས་སྐབས་མེད།