Loading...

སྨོན་ལམ་བོད་ཡིག ༣.༡ ངོ་སྤྲོག་དང་རོགས་འདེགས་ཡིག་ཆ།

སྨོན་ལམ་བོད་ཡིག ༣.༡ ངོ་སྤྲོད་མདོར་བསྡུས།

སྨོན་ལམ་བོད་ཡིག་གསུམ་པ་ནི་དེ་སྔོན་བཟོས་པའི་ཡིག་གཟུགས་དང་མཐེབ་གཞུང་ཁག་ལ་བསྐྱར་བཅོས་དང་། དེ་སྔའི་མཉེན་ཆས་ཁག་ལ་བརྟེན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཤེས་ལྡན་པ་གང་མང་ཞིག་གི་དགོངས་ཚུལ་དང་ལེན་བྱས་ནས་ཐག་གཅོད་བྱས་ཡོད། མཉེན་ཆས་འདིར་ཡིག་གཟུགས་ཁག་བཅུ་གསུམ་ཡོད་པ་ཐམས་ཅད་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་(Unicode)གཞིར་བཟུང་ཐོག་བཟོས་ཡོད་པ་མ་ཟད། མཉེན་ཆས་གང་མང་ཞིག་གི་ནང་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ཅན་གྱི་བོད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བསམས་ནས། སྨོན་ལམ་བོད་ཡིག་གཉིས་པ་གཞིར་བཞག་ཐོག་བེད་སྤྱོད་གཏོང་ཆོག་པའི་ཁྱད་ཆོས་ལྡན་ཡོད། མཛུབ་གནོན་གྱི་ཐད་ལ། བོད་ཕྱི་ནང་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག གཤམ་གྱི་དཔེ་རིས་ལམ་ནས་སྨོན་ལམ་བོད་ཡིག་གི་འགྲོ་སྟངས་ཤེས་རྒྱུ་གལ་ཆེ། ཡིག་གཟུགས་རྙིང་བ་ཁག་གང་མང་ཞིག་UDP བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པར་བསྒྱུར་ཆོག ཡིག་གཟུགས་བསྒྱུར་ཚུལ་ http://www.udp.leighb.com/getstart.htm དྲ་གནས་སུ་དེར་གཟིགས་རོགས་གནང་། དེ་སྔོན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཡིག་གཟུགས་གང་མང་ཞིག་གིས་དེབ་དང་། དུས་དེབ། ཚགས་ཤོག་སོགས་ཇུས་འགོད་བྱེད་མི་ཐུབ་མོད། སྨོན་ལམ་གསུམ་པ་ནི་ མཉེན་ཆས་དེ་ནི་སྤྱིར་ Unicode བོད་ཡིག་འགྲོ་མི་ཐུབ་པའི་མཉེན་ཆས་གང་མང་ཞིག་ལ་བེད་སྤྱོད་གཏོང་ཐུབ་པའི་ཆ་རྐྱེན་ལྡན་ཡོད། དཔེར་ན་ Adobe In Design CS3 Photoshop CS4 Mac ནང་Office 2011 ལྟ་བུ་རེད། སྐབས་དེའི་ Unicode རྒྱལ་སྤྱིའི་ཨང་སྒྲིག་ཅན་ཡིག་གཟུགས་གཞན་ལས་ཁྱད་དུ་འཕགས་པས་ནུས་པ་ཐོན་པ་མ་ཟད། དུས་དེབ་དང་ཚགས་ཤོག་དེབ་རིགས་གློག་བརྙན་འགུལ་རིས་བཅས་ཚ་ཚང་ལ་བཀོལ་ཐུབ་པས་བོད་ཕྱི་ནང་གཉིས་སུ་གཅིག་གྱུར་དང་ཡོངས་གྲགས་ཀྱི་མཉེན་ཆས་ཤིག་ཆགས་ཡོད། མཛུབ་གནོན་གྱི་ཐད་ལའང་འགྲོ་སྟངས་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག་པ་ཞིག་ཡིན། སྨོན་ལམ་བོད་ཡིག་༣.༡ ནི་སྨོན་ལམ་བོད་ཡིག་གསུམ་པར་བསྐྱར་བཅོས་བྱས་པ་ཞིག་ཡིན་པས་རྩ་བའི་སྨོན་ལམ་བོད་ཡིག་གསུམ་པ་གཅིག་མཚུངས་ཡིན་པས་འདིར་འགྲེལ་བཤད་ཟུར་དུ་མེད།
  ཡིག་གཟུགས་ཆེ་ཆུང་ཐད། སྨོན་ལམ་ ༣.༡ དབྱིན་ཡིག་དང་ཆེ་ཆུང་གཅིག་གྱུར་བཟོས་ཡོད་པས་བརྙན་ཡོལ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཞག་ན་ཆེ་ཆུང་དབྱིན་ཡིག་དང་གཅིག་མཚུངས་ཐོག་གནས་ཐུབ། ཡིག་ཆ་འཚོལ་བ་དང་ཡིག་སྒམ་སོགས་བོད་ཡིག་ཐོག་ནས་རང་འདོད་ལྟར་བེད་སྤྱོད་གཏོང་ཆོག

བཀོལ་སྤྱོད་བྱ་ཡུལ།  Windows 7/8/10 བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཡིག་གཟུགས་ཁག ༡༣
ཐོན་རིམ། ༣.༡
ཆེ་ཆུང་ཚད། 43.6Mb

ཁྱེད་ཀྱི་གློག་ཀླད་ལ་ཚང་དགོས་བའི་ཆ་རྐྱེན།

༡ མཉེན་ཆས་འདི་སྒྲིག་འཇུག་བྱེད་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན།
སྨོན་ལམ་ ༣.༡ ཁྱེད་ཀྱི་གློག་ཀླད་ནང་དུ་སྒྲིག་འཇུག་བྱེད་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ནི།
ཁྱེད་ཀྱི་གློག་ཀླད་མ་ལག Windows XP. Service Pack2/Windows Vista/Windows 7.
  Mac OS X  10.5 ཡན་གྱི་ཐོན་རིམ་དགོས།
ཁྱེད་ཀྱི་གློག་ཀླད་ནང་དུ་ Adobe Reader 8 དང་། དེ་ཡན་གྱི་ཐོན་རིམ་དགོས།
༣ ཁྱེད་ཀྱི་གློག་ཀླད་ནང་དུ་སྨོན་ལམ་བོད་ཡིག་གཉིས་པ་ཡོད་ཚེ་ངེས་པར་དུ་ཕྱིར་འདོན་བྱ་དགོས།  འོན་ཀྱང་སྨོན་ལམ་བོད་ཡིག་གཉིས་པའི་སྟེང་ཡོད་པའི་ཡིག་ཆ་ཚང་མ་སྨོན་ལམ་བོད་ཡིག་གསུམ་པའི་ནང་རང་འཇགས་གནས་ཐུབ།

སྨོན་ལམ་བོད་ཡིག ༣.༡ ནང་འཇུག་བྱ་ཚུལ།

༡ windows ᪄ᩏ་སྒྲིག་འཇུག་བྱེད་སྟངས།
༡ སྨོན་ལམ་བོད་ཡིག་གསུམ་པ་ཁྱེད་ཀྱི་གློག་ཀླད་ནང་དུ་སྒྲིག་འཇུག་བྱེད་པར་འོད་སྡེར་རམ། ཡང་ན་དྲ་ཐོག་ནས་ཕབ་ལེན་བྱས་པ་གང་ཡིན་ཡང་། 
དང་པོར་ http://monlamit.org/sites/monlam_IT/files/admin_files/monlam_bodyig_images/monlaicc.JPGརྟགས་རིས་སྟེང་གཉིས་སྡེབ་མནན་ནས་མཉེན་ཆས་ཁ་འབྱེད་དགོས།

http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-10.jpghttp://monlamit.org/sites/monlam_IT/files/admin_files/monlam_bodyig_images/001.jpg

http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-11.JPGhttp://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-12.jpg

དེ་ནས་ཨང་ཀིའི་གོ་རིམ་Windows སྒྲིག་འཇུག་རིམ་པ་བཞིན་བྱ་དགོས།
  http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-14.jpg
འདི་ཚར་བ་དང་སྨོན་ལམ་བོད་ཡིག་རྩ་བའི་མཉེན་ཆས་སྒྲིག་འཇུག་བྱས་ཟིན་པ་རེད། འོན་ཀྱང་གཤམ་ནས་སྨོན་ལམ་བོད་ཡིག་མཛུབ་གནོན་སྒྲིག་འཇུག་བྱ་དགོས།
 http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-15.jpghttp://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-16.jpghttp://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-17.jpg

  http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-18.jpg Win7/Vista གཉིས་ལ་འདི་འདྲ་ཡོང་སྐབས་སྒྲིག་འཇུག་ཆོག་པའི་བརྡ་ལན་སྤྲོད་དགོས། 

   http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-19.jpg མཛུབ་གནོན་སྒྲིག་འཇུག་ཟིན་སྐབས་ཨང་༩ པར་ལྟར་དཀར་ཁུང་དེ་སྒོ་རྒྱག་དགོས།

མཛུབ་གནོན་རྟགས་རིས་ http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-20.jpg སྟེང་མནན་ན་བོད་ཡིག་མཛུབ་གནོན་ཁག་འདེམས་ས་http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-21.JPGཡོད། ཡང་ན་སྟབས་བདེ་ཡོང་ཆེད། Ctrl Shift ᪱ᩡ᪱་དུ་མནན་ན་རང་འགུལ་ཐོག་མཛུབ་གནོན་བརྗེ་སྤོར་རྒྱག་ངེས་ཡིན། གལ་ཏེ་Win XP ᪄ᩏ་᫄᪱᪱ས་᫙ᨓ᫙་᪠བརྙན་ཡོལ་ངོས་ལ་འཐེབ་གཞུང་བརྡ་རྟགས་མེད་པར་གྱུར་ན་ Control Panel/ Regional and Language Options ᪄ᩏ་དུ་ཡོད་པའི་Details ཞེས་པར་མནན་ན་དེར་མཛུབ་གནོན་ཁག་ཡོད། དེ་ནས་᫙ᩏ་མོས་ལྟར་འདེམས་ཆོག་པ་ཡིན། དེ་མིན་གཞན་རྙོག་འཛིང་མེད་པས་ཁྱེད་ཀྱིས་ལས་ཀ་འགོ་འཛུགས་བྱེད་ཆོག ད་དུང་དཀའ་ངལ་ལ་འཕྲད་ཚེ་www.monlamit.com དྲ་ཐོག་ནས་གཟིགས་རོགས་ཞུ།
Windows Xp མ་ལག་ནང་བེད་སྤྱོད་གཏོང་བར་དཀའ་ངལ་གང་ཡང་མེད། འོན་ཀྱང་མ་ལག་འདིར་བེད་སྤྱོད་གཏོང་བར་སྨོན་ལམ་བོད་ཡིག་གསུམ་པ་ཡན་གྱི་ཐོན་རིམ་ཡོད་ན་སྟབས་བདེ། དེ་མིན་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཅན་གྱི་བོད་ཡིག་མཛུབ་གནོན་གང་ཞིག་བེད་སྤྱོད་བཏང་ནའང་འཐུས། དེ་མིན་མ་ལག་སྒྲིག་བཅོས་བྱེད་དགོས་པ་ཁག་གཤམ་ལ་བཀོད་པ་ལྟར་རེ་རེ་བཞིན་སྒྲིག་བཅོས་བྱ་དགོས།
 ༡ མ་ལག་འདིའི་ Start དཀར་ཆག་ངོས་སུ་ཡོད་པའི་ Control Panel ཞེས་པར་ནོན།
 ༢ Region and Language ཞེས་པར་ནོན།
 ༣ ཨེ་ཤ་ཡའི་སྐད་ཡིག་ཅེས་པར་འགྲིག་རྟགས་བརྒྱབ་མེད་ཚེ་འགྲིག་རྟགས་རྒྱག་དགོས། དེ་ནས་ Apply ཞེས་པར་ནོན། དེ་རྗེས་ངེས་པར་ Windows XP འོད་སྡེར་ནང་དུ་འཇུག་དགོས། དེ་རྗེས་རང་བཞིན་གྱིས་སྒྲིག་འཇུག་དང་བསྐྱར་དུ་གློག་ཀླད་ཁ་ཕྱེ་ངེས་རེད། དེ་ལྟར་བྱས་ན་གློག་ཀླད་ཅོག་ངོས་ཀྱི་ཡིག་ཆའི་ཁ་བྱང་ཡིག་སྒམ་སོགས་སུ་བོད་ཡིག་ཁ་མ་འཐོར་བར་གནས་ཐུབ།

སྨོན་ལམ་བོད་ཡིག་གསུམ་པའི་ནང་སྐད་ཡིག་སྐོར་གྱི་སྡེ་ཚན་དང་། གློག་ཀླད་ནང་བོད་ཡིག་ཇི་བཞིན་མི་འཆར་བ་དང་ཡང་ན་བོད་ཡིག་ཁ་འཐོར་བ་སོགས་ཀྱི་སྐྱོན་བྱུང་ཚེ་དཀའ་ངལ་སེལ་ཆེད་སྡེ་ཚན་ཟུར་དུ་ཡོད་པ་གཤམ་ནས་འགྲེལ་བཤད་བྱས་པར་གཟིགས་རོགས།
   http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-22.jpghttp://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-23.JPGhttp://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-24.JPGhttp://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-25.jpg
མཉེན་ཆས་འདི་དག་གི་འགྲེལ་བཤད་མདོར་བསྡུས་རེ་མཉམ་དུ་ཡོད་པ་གཟིགས་ནས་གལ་སྲིད་དགོས་མཁོ་མཆིས་ཚེ་ནང་འཇུག་བྱ་ཆོག་པ་ལས་ངེས་པར་དུ་སྒྲིག་འཇུག་བྱ་དགོས་པ་མིན།

བེད་སྤྱོད་གཏོང་ཚུལ།

སྨོན་ལམ་བོད་ཡིག་བེད་སྤྱོད་གཏོང་བར་མཉེན་ཆས་གང་དག་ལ་བརྟེན་དགོས་མིན་ནི་གཙོ་བོ་ང་ཚོས་ངེས་པར་དུ་མཉེན་ཆས་རྙིང་བ་རྣམ་བཞག་ནས་གསར་བ་རྣམས་བེད་སྤྱོད་བཏང་ན་སྤྱི་ཚོགས་ཀྱི་རྗེས་ཟིན་པ་དང་བོད་ཡིག་ལ་འཕྲད་པའི་དཀའ་ངལ་སེལ་སླ། གློག་ཀླད་བརྙན་ཡོལ་སམ་ Desktop དང་ཡིག་ཆ་ཁག་གི་མིང་དང་རྟགས་རིས་ཡི་གེ་སོགས་སྨོན་ལམ་བོད་ཡིག་བཞག་ཚེ་ཆེ་ཆུང་དབྱིན་ཡིག་གཅིག་མཐུན་ཡོད་པ་མ་ཟད་ལྟ་སྣང་མཛེས་པོ་ཡོད།

རྒྱས་པར་འདིར་གཟིགས་་་


http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-32.JPG

http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-33.jpg

http://monlamit.org/sites/monlam_IT/files/admin_files/monlam_bodyig_images/ml3-34.jpg
Window colour and Appearance ནང་གི་པར་རིས་གཞིར་བཟུང་གིས་བསྒྲིག་ན་བོད་ཡིག་ཆེ་ཆུང་དག་ཤར་ངེས་རེད། ཡིག་གཟུགས་པར་རིས་ལྟར་སྨོན་ལམ་ཡིག་གཟུགས་ལས་Monlam Uni Sans Serif ཤེས་པ་འཇོག་དགོས།

རྒྱས་པར་འདིར་གཟིགས་་་

སྨོན་ལམ་བོད་ཡིག ༣.༡ ངོ་སྤྲོད་མདོར་བསྡུས།

སྨོན་ལམ་བོད་ཡིག་གསུམ་པ་ནི་དེ་སྔོན་བཟོས་པའི་ཡིག་གཟུགས་དང་མཐེབ་གཞུང་ཁག་ལ་བསྐྱར་བཅོས་དང་། དེ་སྔའི་མཉེན་ཆས་ཁག་ལ་བརྟེན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཤེས་ལྡན་པ་གང་མང་ཞིག་གི་དགོངས་ཚུལ་དང་ལེན་བྱས་ནས་ཐག་གཅོད་བྱས་ཡོད། མཉེན་ཆས་འདིར་ཡིག་གཟུགས་ཁག་བཅུ་གསུམ་ཡོད་པ་ཐམས་ཅད་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་(Unicode)གཞིར་བཟུང་ཐོག་བཟོས་ཡོད་པ་མ་ཟད། མཉེན་ཆས་གང་མང་ཞིག་གི་ནང་རྒྱལ་སྤྱིའི་ཨང་སྒྲིག་(Unicode)ཅན་གྱི་བོད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བསམས་ནས། སྨོན་ལམ་བོད་ཡིག་གཉིས་པ་གཞིར་བཞག་ཐོག་བེད་སྤྱོད་གཏོང་ཆོག་པའི་ཁྱད་ཆོས་ལྡན་ཡོད། མཛུབ་གནོན་གྱི་ཐད་ལ། བོད་ཕྱི་ནང་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག གཤམ་གྱི་དཔེ་རིས་ལམ་ནས་སྨོན་ལམ་བོད་ཡིག་གི་འགྲོ་སྟངས་ཤེས་རྒྱུ་གལ་ཆེ། ཡིག་གཟུགས་རྙིང་བ་ཁག་གང་མང་ཞིག་UDP བརྒྱུད་ནས་སྨོན་ལམ་བོད་ཡིག་གསུམ་པར་བསྒྱུར་ཆོག ཡིག་གཟུགས་བསྒྱུར་ཚུལ་ http://www.udp.leighb.com/getstart.htm དྲ་གནས་སུ་དེར་གཟིགས་རོགས་གནང་། དེ་སྔོན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཡིག་གཟུགས་གང་མང་ཞིག་གིས་དེབ་དང་། དུས་དེབ། ཚགས་ཤོག་སོགས་ཇུས་འགོད་བྱེད་མི་ཐུབ་མོད། སྨོན་ལམ་གསུམ་པ་ནི་ མཉེན་ཆས་དེ་ནི་སྤྱིར་ Unicode བོད་ཡིག་འགྲོ་མི་ཐུབ་པའི་མཉེན་ཆས་གང་མང་ཞིག་ལ་བེད་སྤྱོད་གཏོང་ཐུབ་པའི་ཆ་རྐྱེན་ལྡན་ཡོད། དཔེར་ན་ Adobe In Design CS3 Photoshop CS4 Mac ནང་Office 2011 ལྟ་བུ་རེད། སྐབས་དེའི་ Unicode རྒྱལ་སྤྱིའི་ཨང་སྒྲིག་ཅན་ཡིག་གཟུགས་གཞན་ལས་ཁྱད་དུ་འཕགས་པས་ནུས་པ་ཐོན་པ་མ་ཟད། དུས་དེབ་དང་ཚགས་ཤོག་དེབ་རིགས་གློག་བརྙན་འགུལ་རིས་བཅས་ཚ་ཚང་ལ་བཀོལ་ཐུབ་པས་བོད་ཕྱི་ནང་གཉིས་སུ་གཅིག་གྱུར་དང་ཡོངས་གྲགས་ཀྱི་མཉེན་ཆས་ཤིག་ཆགས་ཡོད། མཛུབ་གནོན་གྱི་ཐད་ལའང་འགྲོ་སྟངས་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག་པ་ཞིག་ཡིན། སྨོན་ལམ་བོད་ཡིག་༣.༡ ནི་སྨོན་ལམ་བོད་ཡིག་གསུམ་པར་བསྐྱར་བཅོས་བྱས་པ་ཞིག་ཡིན་པས་རྩ་བའི་སྨོན་ལམ་བོད་ཡིག་གསུམ་པ་གཅིག་མཚུངས་ཡིན་པས་འདིར་འགྲེལ་བཤད་ཟུར་དུ་མེད།
  ཡིག་གཟུགས་ཆེ་ཆུང་ཐད། སྨོན་ལམ་ ༣.༡ དབྱིན་ཡིག་དང་ཆེ་ཆུང་གཅིག་གྱུར་བཟོས་ཡོད་པས་བརྙན་ཡོལ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཞག་ན་ཆེ་ཆུང་དབྱིན་ཡིག་དང་གཅིག་མཚུངས་ཐོག་གནས་ཐུབ། ཡིག་ཆ་འཚོལ་བ་དང་ཡིག་སྒམ་སོགས་བོད་ཡིག་ཐོག་ནས་རང་འདོད་ལྟར་བེད་སྤྱོད་གཏོང་ཆོག

བཀོལ་སྤྱོད་བྱ་ཡུལ།  Mac OS X 10.6 ཡན་གྱི་ཐོན་རིམ་ལ་བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཡིག་གཟུགས་ཁག ༡༣
ཐོན་རིམ། ༣.༡
ཆེ་ཆུང་ཚད། 10.5Mb

དགོས་ངེས་ཀྱི་ཆ་རྐྱེན།

ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་མཉེན་ཆས་ཅི་ཞིག་ནང་འཇུག་བྱས་ཀྱང་ཐོག་མར་དེའི་ནང་དུ་མཉེན་ཆས་ནང་འཇུག་བྱེད་ཆོག་མིན་གྱི་ཁེ་དབང་བེད་སྤྱོད་བྱེད་པ་ལ་དགོངས་ཁྲོལ་དགོས་པ་ཡིན། དེའི་ཕྱིར་ཁྱོད་ཀྱི་གློག་ཀླད་ནང་མཉེན་ཆས་ནང་འཇུག་བྱེད་མི་ཐུབ་ཚེ།  གཤམ་གྱི་དཔེ་རིས་ལ་གཟིགས་ནས་སྒོ་འབྱེད་དང་ལེན་བྱེད་དགོས།

el capitan security privacy system pref general

གལ་ཏེ་ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ཕབ་གནས་ Mac App Store ནང་ནས་་གསར་བ་ཕབ་ལེན་བྱས་ཚེ་འདི་དག་ལ་དང་ལེན་སོགས་བྱེད་མི་དགོས་ཀྱང་དྲ་ཚིགས་གཞན་ནས་ཕབ་ལེན་དང་། ཡང་ན་འོད་སྡེར་འཐེབ་སྡེར་སོགས་ལས་ནང་འཇུག་བྱས་ཚེ་མཉེན་ཆས་གློག་ཀླད་དོ་དམ་སྒྲིག་གཅོད་བསྟི་གནས་  System Preferences > Security & Privacy ཟེར་བ་དེའི་ནང་སོང་ནས་གང་ཡང་ནང་འཇུག་བྱ་ཆོག་པའི་ཆོག་མཆན་ Anyway  ཟེར་བ་དེ་འདེམས་དགོས། 

sierra security privacy system pref general

འདི་ནི་སྒོ་འབྱེད་བྱས་ཟིན་པའི་དཔེ་རིས་རེད།

sierra open app contextual

དཔེར་ན། ཁྱོད་ཀྱིས་མཉེན་ཆས་ཤིག་ནང་འཇུག་བྱེད་ཚེ། འདི་ལྟར་སྒོ་ཕྱེ་བ་དང་། བརྡ་གསར་བ་ཞིག་སླེབས་པས་གཤམ་ལ་གཟིགས།

sierra open unapproved app

འདི་ནི་ཁྱོད་ཀྱི་མཉེན་ཆས་དེ་ནང་འཇུག་བྱེད་མི་ཐུབ་པའི་བརྡ་ཡིན། དེར་ Open ནས་མནན་ཡང་ནང་འཇུག་བྱེད་མི་ཐུབ་པས་གཤམ་ལ་གཟིགས།

sierra handbrake stop launch

འདི་ནི་ཁྱོད་ཀྱིས་མཉེན་ཆས་དེ་ནང་འཇུག་བྱེད་པའི་ཚད་བཀག་ཡོད་པས་བརྡ་ཡིན་པས་དཔེ་རིས་གཤམ་ལ་གཟིགས། དེ་ནས་ཁྱོད་ཀྱིས་གློག་ཀླད་ཀྱི་སྤྱིར་བཏང་དཀར་ཆག་ཆེ་བ་ Menu ནང་སོང་ལ་དེ་ནས་རྩ་བའི་སྒྲིག་གཅོད་ System Preferences ཟེར་བ་དེར་སོང་། དེ་ནས་དོ་དམ་སྒྲིག་གཅོད་བསྟི་གནས་སམ་ Security & Privacy icon ་ཟེར་བ་དེ་ནས་ནོན། གཤམ་གྱི་དཔེ་རིས་ནང་ལྟར་གཟིགས་རོགས།  sierra system pref security highlight

འདི་ནས་སྒོ་བླངས་པ་དང་གཤམ་ལ་གཟིགས།

sierra security privacy open anyway

དེ་ནས་ཁྱོད་ཀྱིས་ App Store and identified developers ལ་རྟགས་བརྒྱབ་ནས་ཕར་ཕྱོགས་ནས་ Open Anyway ཟེར་བ་དེར་ནོན་དང་འགྲིག་པ་ཡིན།

སྨོན་ལམ་བོད་ཡིག ༣.༡ ནང་འཇུག་བྱ་ཚུལ།

སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་བྱེད་པ་ལ་མཉེན་ཆས་སྤྱི་མོས་ལྟར་བྱེད་དགོས། དང་པོ་སྒམ་ཁ་ཕྱེས་ཏེ་ནང་ནས་མཉེན་ཆས་སྟེང་གནོན་དགོས།

Monlam Bod-yig 3.1 for …s X.mpkg ཟེར་བ་དེའི་སྟེང་མདའ་རྩེས་ནོན་དང་ནང་འཇུག་བྱས་ཡོང་། 

མུ་མཐུད་ནང་འཇུག་གི་རིམ་པ་དང་ལེན་ Continue ཟེར་བ་དེ་ནས་ནོན།

ནང་འཇུག་ Install ཟེར་བ་དེ་ནས་ནོན་ལ་ནང་འཇུག་བྱོས།

འདིར་ཡང་གསང་ཚིག་གནོན་དགོས། དེ་ནི་རྒྱུན་པར་ཁྱོད་ཀྱིས་གློག་ཀླད་སྒོ་ཕྱེ་སྐབས་ཀྱི་གསང་ཚིག་ཡིན། དེ་ནོན་ལ་ནང་འཇུག་བྱོས།

གསང་ཚིག་ནོན་ལ་མི་མཐུད་མཉེན་ཆས་ནང་འཇུག་  Install Software ཟེར་བ་དེ་ནས་ནོན།

ཅུང་ཙམ་སྒུག་དགོས།

ནང་འཇུག་བྱས་ཟིན་པས་ close ཟེར་བ་དེ་ནས་ནོན་ལ་སྒོ་རྒྱོབ་དང་འཐུས།

བེད་སྤྱོད་གཏོང་ཚུལ།

 

ད་ནི་ཁྱོད་ཀྱིས་གློག་ཀླད་ནང་འཐེབ་གཞོང་སྒྲིག་དགོས་པས་གོང་གི་འཐེབ་གཞུང་སྒྲིག་གནས་ལས་ Open Keyboard Preferences ..  ཟེར་བ་དེ་ནས་ནོན་དང་འཐེབ་གཞུང་སྒྲིག་གནས་ཡིན།

དེ་ནས་ཁྱོད་ཀྱིས་གོང་གི་དམར་རྟགས་གྲུ་བཞི་མའི་ནང་གི་སྣོན་རྟགས་ + འདི་ཡོད་པ་དེ་ནས་ནོན་དང་སྨོན་ལམ་བོད་ཡིག་གསུམ་པའི་འཐེབ་གཞོང་ཁ་སྣོན་བྱེད་གནས་ཡིན།

སྣོན་རྟགས་དེ་མནན་ནས་སྐད་ཡིག་གི་སྡེ་ཚན་དེའི་ནང་མར་མཐའ་མར་སོང་དང་སྐད་ཡིག་གཞན་དག་ Other ཟེར་བ་ཞིག་ཡོད་པ་དེར་ནོན།

དེ་ནས་སྐད་ཡིག་གཞན་དག་ others ཟེར་བ་དེ་ནས་མནན་པ་དང་ཟུར་གྱི་སྨོན་ལམ་བོད་ཡིག་གསུམ་པ་ Monlam Bod-yig v3.00 ཟེར་བ་དེ་འདེབས་དགོས།

དེ་འདེབས་པ་དང་གཤམ་ནས་ཁ་སྣོན་ Add ཟེར་བ་དེ་ནས་མནན་ནས་འཐེབ་གཞོང་སྣོན་པ་བྱེད་དགོས།

འདིར་ཁྱོད་ལ་དགོས་པའི་སྨོན་ལམ་བོད་ཡིག་གི་འཐེབ་གཞོང་གསར་པ་བསྣན་ཟིན་པ་ཡིན།

འདིར་སྨོན་ལམ་བོད་ཡིག་དང་དབྱིན་ཡིག་སོགས་བདམ་ཟིན་པའི་རྟགས་སུ་གོང་གི་དཔེ་རིས་ལྟར་ཡོད།

ད་གཟོད་ཁྱོད་ཀྱིས་གོང་གི་འཐེབ་གཞོང་འདེམས་གནས་ནས་སྨོན་ལམ་བོད་ཡིག་ Monlam Bod-yig v3.00 ཟེར་བའི་འཐེབ་གཞོང་སྟེང་ཞོག་ལ་ཕྲིས་དང་བོད་ཡིག་འབྲི་ཐུབ།