Loading...

རྒྱ་བོད་ཚིག་མཛོད་ཐོན་དང་པོ་ངོ་སྤྲོད་དང་རོགས་འདེགས་ཡིག་ཆ།

རྒྱ་བོད་ཚིག་མཛོད་ཐོན་དང་པོ་ངོ་སྤྲོད་མདོར་བསྡུས།

བརྡ་འཕྲིན་གྱི་དུས་རབས་འདིར་ཤེས་ཡོན་དང་འབྲེལ་བའི་ལས་རིགས་ཡོངས་འཕྲུལ་ལས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད། དེར་བརྟེན། དེང་སང་སྐད་ཡིག་འདྲ་མིན་འཕྲུལ་ལས་ཁྲོད་བཀོལ་སྤྱོད་སྟབས་བདེ་དང་། ཡར་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་ནའང་བོད་ཀྱི་སྐད་དང་འབྲེལ་བའི་མཉེན་ཆས་ཧ་ཅང་ཉུང་། 
རྒྱ་བོད་ཚིག་མཛོད་ནི་རིག་གཞུང་ནང་འདྲེན་དང་ཁྱབ་སྤེལ་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན། དེང་སང་འཕྲུལ་ལས་ཁྲོད་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྐད་གཉིས་ཚིག་མཛོད་ཧ་ཅང་ཉུང་བའི་སྟོང་ཆ་ཆེན་པོ་ལྷག་ཡོད་པར་མ་ཟད། ད་བར་དེའི་ཐད་ལ་དམིགས་སུ་ཐོན་པའི་ལས་འགུལ་སྤེལ་བ་དེ་བས་ཉུང་། དེར་བརྟེན་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རྒྱ་བོད་ཚིག་མཛོད་འདིར་མ་ཚིག་ཁྲི་བརྒྱད་ལྷག་བསྡུ་སྒྲིག་བྱས་ཏེ་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་རིན་མེད་འགྲེམས་སྤེལ་བྱས་ཡོད། 
ཚིག་མཛོད་འདིའི་རྒྱུ་ཆ་གཙོ་བོ་ནི་ ༡༩༩༡ ལོར་པར་སྐྲུན་བྱས་པའི་རྒྱ་བོད་ཚིག་མཛོད་གཙོར་བཟུང་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་བཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ཀྱི་ནང་ཚན་རྒྱ་བོད་སྐད་གཉིས་ཁ་སྣོན་བྱས་ཡོད། འདིར་ད་དུང་འཐུས་སྒོ་མ་ཚང་བ་དང་། ཡིག་ནོར་སོགས་མང་དག་ཅིག་ལྷག་ཡོད་ངེས། རིམ་གྱིས་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་འདོད་ཡོད། ཚིག་མཛོད་འདིའི་མ་ཚིག་དང་འགྲེལ་ཚིག་གཉིས་ཀ་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱི་ལྟ་བ་ཡིན་པའི་ངེས་པ་མེད།
ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། གློག་ཀླད་དང་ཁ་པར་ནང་བཀོལ་སྤྱོད་བདེ་བའི་རྒྱ་བོད་སྐད་གཉིས་ཚིག་མཛོད་བཟོས་ཏེ། ཆོས་དང་རིག་གཞུང་སློབ་གཉེར། ཡིག་སྒྱུར། ཞིབ་འཇུག་སོགས་དར་སྤེལ་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་དེ་ཡིན།
མཉེན་ཆས་འདི་ནི། ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རིན་མེད་མཉེན་ཆས་ཤིག་ཡིན།

བཀོལ་སྤྱོད་བྱ་ཡུལ།  Windows 7/8/10 བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཐོན་རིམ། དང་པོ།

ཁྱེད་ཀྱི་གློག་ཀླད་ལ་ཚང་དགོས་པའི་ཆ་རྐྱེན།

འདི་ནི་སྐུ་ཉིད་གྱི་གློག་ཀླད་ནང་དགོས་ངེས་ཀྱི་ཆ་རྐྱེན་མཉེན་ཆས་  Microsoft .NET Framework 4 Client Profile (x86 and x64) ཟེར་བ་དེ་ཡིན་པས་ཚིག་མཛོད་ནང་འཇུག་བྱེད་སྐབས་ཁྱོད་ཀྱི་གློག་ཀླད་ནང་མཐུན་རྐྱེན་མི་ཚང་ཚེ་སྐབས་འདི་ནས་ནང་འཇུག་འགོ་འཛུགས་བྱེད་དགོས་པས་ཁྱོད་ཀྱིས་རིམ་པ་ལྟར་དང་ལེན་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་དྲ་ཐོག་ནས་ཟུར་ཏུ་ཕབ་ལེན་བྱས་ཀྱང་ཆོག ང་ཚོའི་ཚིག་མཛོད་ཆེན་མོ་སོགས་ནང་འཇུག་རོགས་འདེགས་ཡིག་ཆའི་ནང་ངོ་སྤྲོད་བྱས་ཡོད།

རྒྱ་བོད་ཚིག་མཛོད་ཐོན་དང་པོ་ནང་འཇུག་བྱ་ཚུལ།

རྒྱ་བོད་ཚིག་མཛོད་ནང་འཇུག་ངོ་སྤྲོད།

ཁྱོད་ཀྱིས་རྒྱ་བོད་ཚིག་མཛོད་དམ་ Chinese Tibetan Dictionary ཟེར་བ་དེ་ཕབ་ལེན་བྱས་པ་དང་མདའ་རྩེ་དེའི་སྟེང་ནས་ནོན།

འདིར་ཅུང་ཙམ་སྒུགས་དང་ནང་འཇུག་འགོ་འཛུགས་ངེས།

འདིར་མདའ་རྩེས་རྟགས་བཞག་ཡོད་པའི་ཚིག་མཛོད་ནང་འཇུག་ཟེར་བ་དེ་ནས་ནོན་དང་ནང་འཇུག་འགོ་འཛུགས་བྱེད།

འདིར་ Next ཟེར་བ་དེ་ནས་ནོན་ལ་མུ་མཐུད་ནང་འཇུག་གྱི་རིམ་པར་སོང་།

ཡང་བསྐྱར་མུ་མཐུད་ Next ཟེར་བ་དེ་ནས་ནོན་ལ་སོང་དང་ནང་འཇུག་བྱེད་བཞིན་ཡོད།

ཡང་བསྐྱར་མུ་མཐུད་ Next ནས་ནོན་ལ་ནང་འཇུག་བྱེད་རོགས།

འདིར་ནང་འཇུག་གི་རིམ་པ་ཞིག་དང་ལེན་བྱེད་དགོས་པས་ཁྱོད་ཀྱིས་ yes ཟེར་བ་དེ་ནས་ནོན་ལ་ནང་འཇུག་བྱོས།

འདིར་ཙུང་ཙམ་བསྒུག་རོགས།

འདིར་ Close ཟེར་བ་དེ་ནས་ནོན་ལ་རྒྱབ་ལྗོངས་སྒོ་རྒྱོབ་དང་ནང་འཇུག་བྱས་ཟིན།

བེད་སྤྱོད་གཏོང་ཚུལ།

འདིའི་གོང་མ་མདའ་རྩེ་བཞག་པའི་གནས་སུ་གཡས་གཡོན་གཉིས་སུ་རྟགས་ཆུང་ངུ་ཞིག་ཡོད་པ་དེ་ནི་ཡིག་རྙིང་དང་ཡིག་གསར་ཡིན་པས་ཁྱེད་ཀྱིས་གང་དགོས་འདེམས་ཆོག 

དེ་ནས་གཤམ་གྱི་འཚོལ་གཤེར་ནང་རྒྱ་ཡིག་འབྲི་གནས་ཡིན།

འདི་ནི་ཡི་གེ་འཚོལ་བའི་དཔེར་བརྗོད་ཙམ་ཡིན།

ཡང་གོང་གི་མདའ་རྩེ་བཞག་གནས་དེ་ནི་ཡིག་གཟུགས་ཆེ་དང་ཆུང་བར་འཇོག་གནས་ཡིན། གཡས་ལ་འཐེན་དང་ཡི་གེ་ཆེན་པོ་ཡིན།

གཡོན་ལ་འཐེན་དང་ཡིག་གཟུགས་ཆུང་རུ་འགྲོ།

འདིར་དྲི་རྟགས་ནས་ནོན་དང་ཚིག་མཛོད་འདི་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆར་ལྟ་ཐུབ།

རྒྱ་བོད་ཚིག་མཛོད་ཐོན་དང་པོ་ངོ་སྤྲོད་མདོར་བསྡུས།

བརྡ་འཕྲིན་གྱི་དུས་རབས་འདིར་ཤེས་ཡོན་དང་འབྲེལ་བའི་ལས་རིགས་ཡོངས་འཕྲུལ་ལས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད། དེར་བརྟེན། དེང་སང་སྐད་ཡིག་འདྲ་མིན་འཕྲུལ་ལས་ཁྲོད་བཀོལ་སྤྱོད་སྟབས་བདེ་དང་། ཡར་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་ནའང་བོད་ཀྱི་སྐད་དང་འབྲེལ་བའི་མཉེན་ཆས་ཧ་ཅང་ཉུང་། 
རྒྱ་བོད་ཚིག་མཛོད་ནི་རིག་གཞུང་ནང་འདྲེན་དང་ཁྱབ་སྤེལ་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན། དེང་སང་འཕྲུལ་ལས་ཁྲོད་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྐད་གཉིས་ཚིག་མཛོད་ཧ་ཅང་ཉུང་བའི་སྟོང་ཆ་ཆེན་པོ་ལྷག་ཡོད་པར་མ་ཟད། ད་བར་དེའི་ཐད་ལ་དམིགས་སུ་ཐོན་པའི་ལས་འགུལ་སྤེལ་བ་དེ་བས་ཉུང་། དེར་བརྟེན་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རྒྱ་བོད་ཚིག་མཛོད་འདིར་མ་ཚིག་ཁྲི་བརྒྱད་ལྷག་བསྡུ་སྒྲིག་བྱས་ཏེ་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་རིན་མེད་འགྲེམས་སྤེལ་བྱས་ཡོད། 
ཚིག་མཛོད་འདིའི་རྒྱུ་ཆ་གཙོ་བོ་ནི་ ༡༩༩༡ ལོར་པར་སྐྲུན་བྱས་པའི་རྒྱ་བོད་ཚིག་མཛོད་གཙོར་བཟུང་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་བཞེས་པའི་བོད་དབྱིན་རྒྱ་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ཀྱི་ནང་ཚན་རྒྱ་བོད་སྐད་གཉིས་ཁ་སྣོན་བྱས་ཡོད། འདིར་ད་དུང་འཐུས་སྒོ་མ་ཚང་བ་དང་། ཡིག་ནོར་སོགས་མང་དག་ཅིག་ལྷག་ཡོད་ངེས། རིམ་གྱིས་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་འདོད་ཡོད། ཚིག་མཛོད་འདིའི་མ་ཚིག་དང་འགྲེལ་ཚིག་གཉིས་ཀ་ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱི་ལྟ་བ་ཡིན་པའི་ངེས་པ་མེད།
ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། གློག་ཀླད་དང་ཁ་པར་ནང་བཀོལ་སྤྱོད་བདེ་བའི་རྒྱ་བོད་སྐད་གཉིས་ཚིག་མཛོད་བཟོས་ཏེ། ཆོས་དང་རིག་གཞུང་སློབ་གཉེར། ཡིག་སྒྱུར། ཞིབ་འཇུག་སོགས་དར་སྤེལ་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་དེ་ཡིན།
མཉེན་ཆས་འདི་ནི། ཐེའི་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རིན་མེད་མཉེན་ཆས་ཤིག་ཡིན།
བཀོལ་སྤྱོད་བྱ་ཡུལ།  OS X 10.6 ཡན་གྱི་ཐོན་རིམ་ནང་བཀོལ་སྤྱོད་ལེགས་པར་གཏོང་ཐུབ།
ཐོན་རིམ། དང་པོ།

དགོས་ངེས་ཀྱི་ཆ་རྐྱེན།

ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་མཉེན་ཆས་ཅི་ཞིག་ནང་འཇུག་བྱས་ཀྱང་ཐོག་མར་དེའི་ནང་དུ་མཉེན་ཆས་ནང་འཇུག་བྱེད་ཆོག་མིན་གྱི་ཁེ་དབང་བེད་སྤྱོད་བྱེད་པ་ལ་དགོངས་ཁྲོལ་དགོས་པ་ཡིན། དེའི་ཕྱིར་ཁྱོད་ཀྱི་གློག་ཀླད་ནང་མཉེན་ཆས་ནང་འཇུག་བྱེད་མི་ཐུབ་ཚེ།  གཤམ་གྱི་དཔེ་རིས་ལ་གཟིགས་ནས་སྒོ་འབྱེད་དང་ལེན་བྱེད་དགོས།

el capitan security privacy system pref general

གལ་ཏེ་ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ཕབ་གནས་ Mac App Store ནང་ནས་་གསར་བ་ཕབ་ལེན་བྱས་ཚེ་འདི་དག་ལ་དང་ལེན་སོགས་བྱེད་མི་དགོས་ཀྱང་དྲ་ཚིགས་གཞན་ནས་ཕབ་ལེན་དང་། ཡང་ན་འོད་སྡེར་འཐེབ་སྡེར་སོགས་ལས་ནང་འཇུག་བྱས་ཚེ་མཉེན་ཆས་གློག་ཀླད་དོ་དམ་སྒྲིག་གཅོད་བསྟི་གནས་  System Preferences > Security & Privacy ཟེར་བ་དེའི་ནང་སོང་ནས་གང་ཡང་ནང་འཇུག་བྱ་ཆོག་པའི་ཆོག་མཆན་ Anyway  ཟེར་བ་དེ་འདེམས་དགོས། 

sierra security privacy system pref general

འདི་ནི་སྒོ་འབྱེད་བྱས་ཟིན་པའི་དཔེ་རིས་རེད།

sierra open app contextual

དཔེར་ན། ཁྱོད་ཀྱིས་མཉེན་ཆས་ཤིག་ནང་འཇུག་བྱེད་ཚེ། འདི་ལྟར་སྒོ་ཕྱེ་བ་དང་། བརྡ་གསར་བ་ཞིག་སླེབས་པས་གཤམ་ལ་གཟིགས།

sierra open unapproved app

འདི་ནི་ཁྱོད་ཀྱི་མཉེན་ཆས་དེ་ནང་འཇུག་བྱེད་མི་ཐུབ་པའི་བརྡ་ཡིན། དེར་ Open ནས་མནན་ཡང་ནང་འཇུག་བྱེད་མི་ཐུབ་པས་གཤམ་ལ་གཟིགས།

sierra handbrake stop launch

འདི་ནི་ཁྱོད་ཀྱིས་མཉེན་ཆས་དེ་ནང་འཇུག་བྱེད་པའི་ཚད་བཀག་ཡོད་པས་བརྡ་ཡིན་པས་དཔེ་རིས་གཤམ་ལ་གཟིགས། དེ་ནས་ཁྱོད་ཀྱིས་གློག་ཀླད་ཀྱི་སྤྱིར་བཏང་དཀར་ཆག་ཆེ་བ་ Menu ནང་སོང་ལ་དེ་ནས་རྩ་བའི་སྒྲིག་གཅོད་ System Preferences ཟེར་བ་དེར་སོང་། དེ་ནས་དོ་དམ་སྒྲིག་གཅོད་བསྟི་གནས་སམ་ Security & Privacy icon ་ཟེར་བ་དེ་ནས་ནོན། གཤམ་གྱི་དཔེ་རིས་ནང་ལྟར་གཟིགས་རོགས།  sierra system pref security highlight

འདི་ནས་སྒོ་བླངས་པ་དང་གཤམ་ལ་གཟིགས།

sierra security privacy open anyway

དེ་ནས་ཁྱོད་ཀྱིས་ App Store and identified developers ལ་རྟགས་བརྒྱབ་ནས་ཕར་ཕྱོགས་ནས་ Open Anyway ཟེར་བ་དེར་ནོན་དང་འགྲིག་པ་ཡིན།

རྒྱ་བོད་ཚིག་མཛོད་ཐོན་དང་པོ་ནང་འཇུག་བྱ་ཚུལ།

རྒྱ་བོད་ཚིག་མཛོད་ཆེན་མོ་ནང་འཇུག་བྱེད་པ་ལ་ཁྱོད་ཀྱིས་དྲ་གནས་ནས་ཕབ་ལེན་བྱས་པ་དང་། དེ་ནས་ཁྱོད་ཀྱིས་ Chinese Tibetan Dictionary.pkg ཞེས་པའི་མཉེན་ཆས་སྟེང་མདའ་རྩེས་ནོན་དང་ནང་འཇུག་འགོ་འཛུགས་ངེས།

དེ་ནས་ཁྱོད་ཀྱིས་ Continue དེ་ནས་ནོན་ལ་ནང་འཇུག་དང་ལེན་བྱོས།

དེ་ནས་ Install ཟེར་བ་ནས་ནོན་ལ་ནང་འཇུག་གི་རིམ་པར་མུ་མཐུད་སོང་།

འདིར་ཁྱོད་ཀྱིས་ནང་འཇུག་བྱེད་པའི་གསང་ཚིག་དགོས།  དེ་ནི་གཞན་མ་ཡིན་པར་ཁྱོད་ཀྱིས་དུས་རྒྱུན་གློག་ཀླད་སྒོ་ཕྱེ་སྐབས་བེད་སྤྱོད་བྱེད་བཞིན་པའི་གསང་ཚིག་དེ་ཡིན།

གསང་ཚིག་མནན་པ་དང་མཉེན་ཆས་ནང་འཇུག་ Install Software ཟེར་བ་དེ་ནས་ནོན།

འདིར་ཅུང་ཙམ་བསྒུག་དགོས།

ཅུང་ཙམ་བསྒུག་དགོས།

ད་ནི་ནང་འཇུག་གི་རིམ་པ་མཇུག་གྲུབ་པ་ཡིན་པས་ Close ཟེར་བ་དེ་ནས་ནོན་དང་འགྲིག

བེད་སྤྱོད་གཏོང་ཚུལ།

མཉེན་ཆས་ནང་འཇུག་ཟིན་ན་ཡང་བེད་སྤྱོད་བྱེད་པ་ལ་ངེས་པར་དུ་ Mac SO X ནང་གི་ཚིག་མཛོད་ནང་མཉམ་བསྐྱོད་བྱེད་དགོས་པས་ན། འདིར་གཤམ་གྱི་དཀར་ཆག་སྟེ་ Launchpad  ཟེར་བ་དེར་སོང་ལ་ཚིག་མཛོད་  Dictioanary དམར་པོ་དེའི་སྒོ་ཕྱེས།

འདིའི་སྒོ་འབྱེད་པ་དང་གོང་གི་དཀར་ཆག་ལ་འགྲོ་དགོས་པས་གཤམ་གྱི་དཔེ་རིས་ལ་གཟིགས།

འདིའི་ཚིག་མཛོད་ Dictionary ཟེར་བ་དེ་ནས་ནོན།

འདིའི་ནང་ནས་གོང་གི་དཀར་ཆག་དེ་མར་དེད་ལ་སོང་དང་གཤམ་ན་བོད་རྒྱ་ཚིག་མཛོད་ཆེན་མོ་ཡོད་པས་དེར་རྟགས་བརྒྱབ་ནས་ཡར་ལ་འཇོག་དགོས་པས་གཤམ་གྱི་དཔེ་རིས་ལ་གཟིགས།

འདིར་ཡོད་པའི་ Traditional Chinese Tibetan Dictionary ཟེར་བ་དང་། Simplified Chinese Tibetan Dictionary ཟེར་བ་གཉིས་ལ་རྟགས་རྒྱག་དགོས།

དེ་ནས་དེ་གཉིས་ཡར་དེད་ནས་གོང་གི་ཚིག་མཛོད་བེད་སྤྱོད་བྱེད་བཞིན་པ་དག་གི་གཤམ་ལ་ཞོག

དཔེ་རིས་འདི་ལྟར་བྱོས།

དཔེ་རིས་གཉིས་པ།

ད་ནི་ཁྱོད་ཀྱིས་ཚིག་མཛོད་བསྒྲིགས་ཟིན་པས་བེད་སྤྱོད་བྱ་ཆོག 

བེད་སྤྱོད་བྱེད་སྐབས་གང་དགོས་འདི་ནས་འདེམས་ཆོག

རྒྱ་བོད་ཚིག་མཛོད་བེད་སྤྱོད་བྱེད་སྐབས་འདི་ལྟར་མིང་སྟེང་ནས་མནན་ནས་བེད་སྤྱོད་བྱེད་དགོས།

ད་གཟོད་ཁྱོད་ཀྱིས་ཚིག་མཛོད་ནང་རྒྱ་ཡིག་ནོན་དང་ཡོང་ངེས།

འདི་ནི་དཔེ་མཚོན་ཙམ་མོ།

རྒྱ་བོད་ཚིག་མཛོད་ iOS མ་ལག་ཀུ་ཤུ་ཁ་པར་སོགས་ལ་ཕབ་གནས།

ཐོན་རིམ། ༡.༠   ཆེ་ཆུང་ཚད། 85.1 MB མིང་། རྒྱ་བོད་ཚིག་མཛོད་ཆེན་མོ། ཕབ་ལེན་་་

རྒྱ་བོད་ཚིག་མཛོད་ iOS མ་ལག་ཀུ་ཤུ་ཁ་པར་སོགས་ལ་ཕབ་གནས།

ཐོན་རིམ། ༡.༠   ཆེ་ཆུང་ཚད། 85.1 MB མིང་།

             google play ནས ཕབ་ལེན་་་    དྲ་བ་འདི་ནས་ ཕབ་ལེན།