Loading...

༄༅། །རྒྱ་དང་བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་རྒྱ་ཆེའི་གཞུང་སྒེར་གྱི་ཚོགས་སྡེ་དང་མི་སྒེར་ཡོངས་ཀྱི་སྙན་ལམ་དུ།
ལོ་སྔོན་མར་(༢༠༡༧-༨-༡༥)སྤྱི་ཚོགས་ཐོག་བཀྲམས་པའི་རྒྱ་བོད་ཚིག་མཛོད་ནང་ཡིག་སྐྱོན་མང་དག་ཞིག་ཤོར་འདུག་པ་སྙིང་ནས་དགོངས་དག་ཞུ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དུས་ཡུན་ལོ་ངོ་གཅིག་ཙམ་རིང་ཞུ་དག་མཐིལ་ཕྱིན་བྱས་ནས་ད་ཆ་ཀུ་ཤུ་ཁ་པར་ནང་རང་འགུལ་གྱིས་བསྐྱར་བཅོས་བྱས་ཟིན་པས་ཐུགས་ཞིབ་གནང་རོགས། བཟོ་བཅོས་གང་ཞིག་བྱས་མིན་གཤམ་ན་གསལ། 
Android མ་ལག་ནང་ཐད་ནས་google play store བསྐྱར་བཅོས་ཟིན་འང་བསྐྱར་དུ་ཕབ་ལེན་གནང་དགོས་པ་དང་། བོད་ནང་ཁུལ་ལ་བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བའི་ཐོག་འཇོག་རྒྱུ་ཡིན་པས་དེ་ནས་ཐད་ཀར་ཕབ་ཐུབ་པ་དང། དེ་མིན། www.monlamit.com འདི་ག་ལས་ཁུངས་ཀྱི་དྲ་ཐོག་ནས་ཐད་ཀར་བོད་ཕྱི་ནང་གཉིས་ནས་ཕབ་ལེན་བྱ་ཐུབ།
 ཀུ་ཤུ་གློག་ཀླད་དང་དཀར་ཁུང་རྟགས་གཉིས་ཀ་གོང་གི་དྲ་གནས་ནས་ཕབ་ལེན་བྱ་དགོས།
 
གསར་བཅོས།
 ༡ ཡིག་ནོར་ཞུས་དག་བཏང་པ། ༢ ཐའེ་ཝན་གྱི་ཡི་གེ་ཀློག་སྟངས་གསར་འཇུག
 
སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ ཉིན།།

ཕབ་ལེན་་་་