Loading...

སྐྱེ་བོ་དག་གི་རྣམ་དཔྱོད་ནི་སྐར་ཕྲན་བཞིན་རང་གི་ཁོར་ཡུག་ཙམ་གསལ་བྱེད་ལས་མི་འདའ། མི་རྣམས་ཀྱི་དགའ་ཕྱོགས་དང་། ཁོར་ཡུག་གི་ཤུགས་རྐྱེན། སློབ་སྦྱོང་གི་གོ་སྐབས་སོགས་བརྒྱུད་རིམ་མི་འདྲ་བའི་དབང་གིས་སོ་སོས་བདམས་པའི་ལས་རིགས་དག་ཀྱང་སྣ་ཚོགས་པ་ཞིག་ཡིན། མི་རེ་རེ་ལ་རང་གིས་བདམས་པའི་ལམ་ཁ་དེ་ཙམ་གྱིས་ཆོག་སྲིད་མོད། འོན་ཀྱང་སྤྱི་ཚོགས་ཤིག་ནམ་ཡང་ལམ་ཁ་གཅིག་ལ་ཁྲིད་མི་ཐུབ། དེས་ན་སྤྱི་ལ་བསམ་བློ་བཏང་ནས་ལས་ཀ་བྱེད་སྐབས་ལས་རིགསདང་གཞུང་ལུགས་གཅིག་ཁོ་ནའི་ཕྱོགས་སུ་ནམ་ཡང་ལྷུང་མི་རུང་བས། ང་ཚོས་འདི་ནས་ལས་རིགས་འདྲ་མིན་དང་རིག་གཞུང་གི་སྡེ་ཚན་སྣ་ཚོགས་ལ་འབྲེལ་ལམ་ཞུས་པ་དང་། ཆེད་མཁས་པ་གདན་ཞུ་དང་འབྲེལ་གཏུག་བྱས་པ་བརྒྱུད་ནས་ཤེས་བྱ་སྣ་མང་འདུས་པའི་བང་མཛོད། ཆོས་ལུགས་དང་གོམས་གཤིས་ཕྱོགས་རིས་པའི་དབང་དུ་མ་སོང་པར་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་ཡོངས་ལ་འབྲེལ་ལམ་ཞུ་དང་ཞུ་བཞིན་ཡོད་པ། དཔེར་ན། སྨན་རྩིས་ཁང་། དཔེ་མཛོད་ཁང་། ལྷ་བྲིས་སྒྱུ་རྩལ་གླིང་། ཟློས་གར་ཁང་། དེ་བཞིན་སྒེར་པ། ཤིང་བཟོ། གོས་བཟོ། རི་མོ་པ། གླུ་གཞས་ཆེད་ལས་པ། གླིང་སྒྲུང་ཞིབ་འཇུག་པ། ལོ་རྒྱུས་ཉམས་ཞིབ་པ། ལོ་ཙཱ་བ། རོལ་མོ་པ། ཞིང་ལས་པ། འབྲོག་ལས་པ་སོགས་ལ་འབྲེལ་ལམ་ཞུས་པ་དང་། ཆེད་མཁས་པའི་ལམ་སྟོན་དང་ལེན་དང་། ལས་རིགས་བགོ་འགྲེམས་སོགས་ཀྱི་བྱེད་སྒོ་གང་ཡོད་ལ་ཧུར་ཐག་བྱས་དང་བྱེད་བཞིན་ཡོད།